པར་རིས་རྙིང་པའི་ལམ་ནས་ཕ་ས་ཕ་ཡུལ་གྱི་དྲན་ཤེས་འཚོལ་ཞེས་པའི་བྱེད་སྒོའི་ནང་གི་རྫོང་མཁར་རྙིང་པའི་རྣམ་པ་ནི་འདི་འདྲ་ཞིག་རེད་འདུག

2019-09-04
0

པར་རིས་རྙིང་པའི་ལམ་ནས་ཕ་ས་ཕ་ཡུལ་གྱི་དྲན་ཤེས་འཚོལ་ཞེས་པའི་བྱེད་སྒོའི་ནང་གི་རྫོང་མཁར་རྙིང་པའི་རྣམ་པ་ནི་འདི་འདྲ་ཞིག་རེད་འདུག ཁྱེད་ཀྱིས་ས་གནས་འདི་གང་ནས་ཡིན་པ་ཤེས་སོང་ངམ།

image.png

པར་རིས་རྙིང་པའི་ལམ་ནས།ཕ་ས་ཕ་ཡུལ་གྱི་དྲན་ཤེས་འཚོལ་ཞེས་པའི་བྱེད་སྒོ་ཐེངས་སྔོན་མའི་ནང་གི་ལོ་རབས་དྲུག་ཅུ་པའི་བོད་ཁུལ་གྱི་རྫོང་མཁར་འདི་ནི་རྔ་བ་ཁུལ་ཁྲོ་ཆུ་རྫོང་རེད། ཁྱེད་ཀྱི་དྲིས་ལན་ཡང་དག་རེད་འདུག་གམ།

image.png

image.png

ལོ་འདི་དག་རིང་ས་གནས་དེ་གའི་མི་སེར་རྣམས་ཀྱི་འབད་བརྩོན་ཧུར་ཐག་བྱས་པར་བརྟེན། ད་ལྟའི་ཁྲོ་ཆུ་རྫོང་གི་འཕོ་འགྱུར་ནི་སྔར་དང་བསྡུར་ཐབས་བྲལ་བའི་རྣམ་པ་གསར་པ་ཞིག་ཏུ་གྲུབ་ཡོད། ཁྲོ་ཆུ་རྫོང་གི་གནའ་དེང་འཕོ་འགྱུར་གྱི་པར་རིས་དེ་ལས་མང་བ་ལྟ་འདོད་ན།

སྦྲེལ་མཐུད་འདི http://api.kangbatv.com:8088/shambhala/view/1515142མནན་ནས་ཞིབ་ཏུ་རྒྱུས་ལོན་བྱེད་པར་འཚལ། གཤམ་ལ། ཐེངས་གསར་པའི་པར་རྙིང་ལམ་ནས་ཕ་ས་ཕ་ཡུལ་གྱི་དྲན་ཤེས་འཚོལ་བའི་བྱེད་སྒོ་ཐོན་འདུགའདིའང་རྫོང་མཁར་རྙིང་པའི་པར་ཞིག་རེད་འདུག

image.png

གསལ་འདེབས་ཞུ་རྒྱུ་ཞིག་ལ། ས་གནས་འདི་ནི་བོད་ཁུལ་གྱི་རྫོང་མཁར་ཞིག་ཡིན་པ་དང་། ལོ་རྒྱུས་ཐོག་ཇ་རྟ་གནའ་ལམ་གྱི་བོད་དུ་སྐྱོད་པའི་ས་ཚིགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ད་ལྟ་ཁྱེད་ཀྱིས་ས་གནས་འདི་གང་ནས་ཡིན་པ་ཤེས་སོང་ངམ། རྣམ་པ་ཚོ་ང་ཚོ་དང་མཉམ་དུ་སྐད་འཇོག་ནས་དྲིས་ལན་སྤེལ་རེས་བྱེད་སར་ཕེབས་དང་། ཉིན་གཉིས་ཀྱི་རྗེས་ནས་ཡང་དག་པའི་དྲིས་ལན་ཡོངས་བསྒྲགས་བྱེད་རྒྱུ་ཡིན་ལ། དུས་དེར་ཡང་བསྐྱར་པར་རིས་རྙིང་པ་ཞིག་བསྐུར་རྒྱུ་ཡིན་པས། ཚང་མས་མུ་མཐུད་དུ་དོ་སྣང་བྱེད་པར་འཚལ།

བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་ནི་ཁམས་པའི་བརྙན་འཕྲིན་གྱི་པོད་ཕྲན་དང་ཁམས་པའི་བརྙན་འཕྲིན་གསར་འགྱུར་གྱི་འཕྲིན་སྟེགས། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་བཅས་ནས་རྒྱུས་ལོན་བྱེད་ཐུབ། ང་ཚོ་མཉམ་དུ་པར་རིས་རྙིང་པའི་ལམ་ནས་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱས་ཤིང་དུས་རབས་གསར་པའི་འཕོ་འགྱུར་གླེང་།

  • 顶 0