གཡུ་མདོག་གི་གཙང་གསུམ་འགོ་ཁུངས།

2019-09-04
0

པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱིས“མཚོ་སྔོན་ཉིན་མོའི”བྱེད་སྒོའི་ཡུལ་དངོས།

མཚོ་སྔོན་ནི་ཀྲུང་གོའི་ནུབ་བྱང་དུ་གནས་ཤིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཡོད། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོ་ནས་རི་བོ་གདང་ལ་དང་། མཚོ་སྔོན་པོ་ནས་ཁུ་ནུ་རི་བོ་བར་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། དེའི་ནང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་པར“དུད་ཚང་རེར་ལས་གནས་རེ”ཁྱབ་ཡོད་པ་དང་། འབྲོག་པ་ཁྲི་1.7ལྷག་གིས་ཕྱུགས་རིགས་བསྐྱུར་ནས་སྣོད་བཅུད་བསྲུང་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཙོང་ཉའི་ཐོན་ཁུངས་གསོག་ཚད་2002ལོ་ལས་ལྡབ་34འཕར་བ་དང་། གཙོད་ཀྱི་གྲངས་འབོར་ཐོག་མའི་སྲུང་སྐྱོང་དུས་ལས་ལྡབ་3ལྷག་ཙམ་འཕར་ཡོད། མཚོ་སྔོན་གྱི་མི་རིགས་ཁག་གི་མི་གྲངས་ཁྲི་600ཡིས་སྤྱི་ལེ་གྲུ་བཞི་མ་ཁྲི་72ཀྱི་མཚོ་བོད་ས་མཐོའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་དང་། སྔོ་ཞིང་དྭངས་པའི་རི་ཀླུང་ཆུ་གསུམ། མཛེས་ཤིང་སྡུག་པའི་འཚོ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་བཀྲག་མདངས་འཚེར་བའི་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་ཞིག་བསྐྲུན་ཡོད་པ་རེད། ཟླ་9ཚེས་1ཉིན་ནས་ཚེས་3ཉིན་བར་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱིས“མཚོ་སྔོན་ཉིན་མོའི”བྱེད་སྒོ་སྤེལ་ནས་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བར་བསུ་བ་ཞུས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་པད་ཁའི་མེ་ཏོག་གི་ཞིང་ཁ།

མཚོ་སྔོན་ཞིང་ཆེན་གདང་ལ་རྫོང་གི་འབྲོག་ར་ཞིག་ཏུ་འབྲོག་པས་ཕྱུགས་འཚོ་བཞིན་ཡོད།

གངས་འཁྱགས་ཀྱིས་ཁེབས་པའི་མཚོ་སྔོན་པོ།

རྨ་ཆེན་གངས་འདབས།

གཉན་པོ་གཡུ་རྩེ།

  • 顶 0