གེ་སར་མཁར་གྲོང་གི་མཁར་སྒོ་འབྱེད་ལ་ཉེ།

2019-08-29
0

༡.png

2019 ལོའི་ཟླ 8 པའི་ཚེས 28 ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ། ཀྲུང་གུང་དཀར་མཛེས་རྫོང་ཨུ། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་གེ་སར་མཁར་གྲོང་མཚམས་སྦྱོར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་སྤེལ།

༢.jpg

དཀར་མཛེས་ཁུལ་དཀར་མཛེས་རྫོང་ནི་གེ་སར་རྒྱལ་པོ་དང་གེ་སར་རིག་གནས་འཕེལ་སའི་ལྟེ་བ་ཡིན་ལ། རྫོང་གི་མངའ་ཁོངས་སུ་གེ་སར་གྱི་རིག་གནས་གནའ་ཤུལ 120 ལྷག་ཡོད་ཅིང་། གེ་སར་རིག་གནས་ཀྱིས་རྨང་གཞི་དང་ལས་རིགས་དབུལ་སྐྱོར་གྱིས་ལྟེ་བ་བྱས་དེ་བསྐྲུན་པའི་རྔམ་བརྗིད་ཅན་གྱི་གེ་སར་མཁར་གྲོང་ཞིག་སླར་ཡང་སྐྱེས་འགྲོ་དག་གི་མིག་མདུན་དུ་བཤམས་འདུག

༣.jpg

རྒྱས་ལོན་བྱས་པ་ལྟར་ན།གེ་སར་མཁར་གྲོང་དེ 2017 ལོའི་ཟླ 6 པར་འཛུགས་སྐྲུན་བྱེད་འགོ་བརྩམ་ཞིང་། ས་མུའུ 1455 ཡིས་འཆར་གཞི་བཟོས་ནས་མ་དངུལ་སྒོར་དུང་ཕྱུར 6.5 བཏང་སྟེ། དཀར་མཛེས་རྫོང་གི་ཆེས་ཆེ་བའི་དབུལ་སྐྱོར་ལས་གཞི་དང་རིག་གནས་ཡུལ་སྐོར་ལས་གཞི་གསར་པ་ཞིག་ཏུ་ཆགས། དཀར་མཛེས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་པའི་ལུང་ཆོན་དབྱིས་ཁུལ་གྱིས་མ་དངུལ་སྒོར་ཁྲི 9400 ཡི་ནོར་སྲིད་རོགས་སྐྱོར་བྱས་ཤིང་། དབུལ་ཕོངས་གྲོང་ཚོ 128 ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་། ཐུན་མོང་དཔལ་འབྱོར་གོང་འཕེལ་ལ་རོགས་རམ་དང་དབུལ་ཕོངས་སྡེ་བས་རང་བདག་གིས་ཐག་གཅོད་བྱེད་པ་དང་མཉམ་སྡེབ་ཚོང་ལས་ཀྱིས་རྣམ་པའི་སྒོ་ནས་ལས་གཞི་འདིར་ཞུགས་རྒྱུ་བྱས་འདུག མཁར་གྲོང་འདི་ལ་མཚོན་ན་གེ་སར་རིག་གནས་སྲོག་ཤིང་བྱས་ཏེ། ལས་རིགས་ཀྱིས་མཁར་གྲོང་དར་བ་དང་། མཁར་གྲོང་གིས་ལས་རིགས་སྐུལ་བ། རིག་གནས་ཀྱིས་མཁར་གྲོང་ལ་སྲོག་ཞུགས་པའི་རྣམ་པ་ལྟར། བཟའ་འདུག་སྤྱོད་གསུམ་དང་ཡུལ་སྐོར། ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་ལས་རིགས་ཤིག་བཙུགས་ནས། དབུལ་ཕོངས་གྲོང་ཚོ 128 ཀྱི་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས་དབུལ་ཕོངས་ཁྱིམ་ཚང 3000 ལྷག་ཕྱུག་འགྱུར་འབྱོར་འབྲིང་གི་ལམ་ལ་ཆས་པར་རམ་འདེགས་བྱས་ཡོད།

༤.jpg

༥.jpg

༦.jpg

༧.jpg

༨.jpg

གེ་སར་མཁར་གྲོང་དེ་དཀར་མཛེས་རྫོང་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་ལ། སྔོན་ཆད་གནས་དེ་ན་ཧོར་གླིང་གཡུལ་འགྱེད་ཀྱི་གནའ་ཤུལ་ཡོད། མཁར་རྫོང་ནས་དཀར་མཛེས་ཁུལ་གྱི་དམངས་སྤྱོད་གནམ་ཐང་གསུམ་གྱི་ཡ་གྱལ་གེ་སར་གནམ་ཐང་བར་ལ་སྤྱི་ལེ 45 འདུག གེ་སར་མཁར་གྲོང་ནི་མི་རིགས་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་གཞི་གཅིག་ཏུ་ཆགས་པའི་རྒྱུན་ཐག་ལྟ་བུ་ཞིག་ཡིན་པ་མ་ཟད། མི་རིགས་སོ་སོ་འབྲེལ་འདྲིས་དང་སྤེལ་རེས། དེ་མིན་རྒྱ་བོད་རིག་གནས་མཉམ་གནས་མཉམ་འཕེལ་གྱི་ལོ་རྒྱུས་དན་རྟགས་ཤིག་ཡིན་ཞིང་། འདི་ལ་བརྟེན་ནས་མི་རིགས་སོ་སོ་ཐུན་མོང་འཕེལ་རྒྱས་དང་ཕན་ཚུན་བརྩི་འཇོག མཐུན་སྒྲིལ་མཛའ་བཤེས་བཅས་ཇེ་བཟང་ཇེ་ལེགས་སུ་བཏང་ཡོད། འདི་ནི་ཁམས་བོད་ས་ཁུལ་དུ་བཞད་པའི་གེ་སར་གྱི་མེ་ཏོག་རྐང་གཅིག་ཡིན་ཞེས་བརྗོད་ཀྱང་ཆོག

༩.jpg

མཁར་གྲོང་གི་དཀྱིལ་དབུས་སུ་ཕོ་བྲང་སེང་འབྲུག་སྟག་རྩེ་བཞེངས་ཡོད་ལ། མཁར་གྲོང་གི་སྤྱིའི་ཆགས་དབྱིབས་དེ་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་བཏུལ་ནས་ཡུལ་ཁམས་བདེ་ལ་བཀོད་པའི་རྣམ་པ་མཚོན་པར་བྱས་ཡོད་ལ། མཁའ་ནས་བལྟས་ན་འདབ་བརྒྱ་ལྷུག་པར་གྲོལ་བའི་མེ་ཏོག་པདྨ་ཞིག་དང་འདྲ་བར་སེང་འབྲུག་སྟག་རྩེ་དེ་མེ་ཏོག་གི“གེ་སར”དང་འདྲ་ལ། གླིང་གི་དཔའ་རྟུལ་སུམ་ཅུའི་གཞིས་ཀ་དེ་མེ་ཏོག་གི་འདབ་མ་ཇི་བཞིན་ཕྱོགས་བཞིར་ཁྱབ་ཡོད། འཛུགས་སྐྲུན་ཐ་དག་བོད་ཀྱི་དམངས་ཁྲོད་དམ་གནའ་རབས་ཀྱི་སྡོད་ཁང་གི་ཆགས་ལུགས་དང་མཛེས་རྒྱན་སོགས་གཞིར་བྱས་ཏེ་བཞེངས་ཡོད་ལ། གེ་སར་རིག་གནས་ཁུལ་དང་རླན་ས་སྤྲོ་གསེང་ཁུལ། རྩྭ་ཐང་ཉམས་ཞིབ་ཁུལ་སོགས་ཡུལ་སྐོར་ཁུལ་གསུམ་ལ་བགོས་ཡོད་ཅིང་། དེ་དག་གི་ཁྲོད་དུ་མིས་བཟོས་ཆུ་བོ་དང་མཚེའུ་སོགས་ཡོད་ལ། བོད་ཀྱི་ལྷ་རིས་པ་ལེགས་སྨོན་གྱི་ཕྱག་རྩེ་ནས་ཐོན་པའི་འཇིམ་སྐུ་དང་སྒྱུ་རྩལ་ཐོན་རྫས་ཡང་བཤམས་འདུག

༡༠.jpg

གེ་སར་མཁར་གྲོང་ལ་མཚོན་ན་རིག་གནས་ཉམས་ཞིབ་ཀྱི་འགན་འཁྲི་གཅིག་པུ་མིན་པར་ས་ཁུལ་རང་གི་དཔལ་འབྱོར་སྣེ་ཁྲིད་ཀྱི་ནུས་པ་ཡང་ཐོན་དགོས་ཏེ། མཁར་སྒོ་ཕྱེ་པ་ནས་བཟུང་། དཀར་མཛེས་ཁུལ་གྱི་ཞིང་འབྲོག་ཡུལ་ཐོན་ཁྱད་རྫས་འགྲེམ་ཚོང་གི་རྟེན་གཞི་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་མ་ཟད། དབུལ་སྐྱོར་གྱིས་ནུས་པ་ཡང་ཆེན་པོ་ཐོན་རྒྱུ་ཡིན་ལ། རྒྱུས་ལོན་བྱས་པ་ལྟར་ན། ཟླ 9 པར་མཁར་སྒོ་ཕྱེ་པ་ནས་བཟུང་དབུལ་ཕོངས་གྲོང་ཚོ་དེ་དག་གིས་གེ་སར་མཁར་གྲོང་ལ་བརྟེན་ནས་སྒོར་ཁྲི་ནས་ཁྲི་བཅུ་བར་གྱི་ཡོང་འབབ་རག་ཐུབ་ཟེར།

༡༡.jpg

ཟླ 9 པའི་ནང་ལ་གེ་སར་མཁར་གྲོང་་གི་མཁར་སྒོ་ཕྱེ་པ་དང་དུས་མཉམ་དུ་དཀར་མཛེས་ཁུལ་གེ་སར་གནམ་ཐང་ནས་ཀྱང་གནམ་གྲུ་ཤར་གཏོང་བྱ་རྒྱུ་ཡིན་ལ། བར་སྣང་གི་ལམ་འདི་ཤར་གཏོང་བྱས་རྗེས་དཀར་མཛེས་རྫོང་གི་གེ་སར་མཁར་གྲོང་་གི་ཡུལ་སྐོར་ནུས་པ་དེ་མངོན་གསལ་དོད་པོ་མཐོང་རྒྱུ་ཡིན་པ་མ་ཟད། དཀར་མཛེས་རྗོང་ལ་མཚོན་ན་ཁམས་བྱང་ས་ཁུལ་གྱི་འགྲིམ་འགྲུལ་དང་ཚོང་དོན། རིག་གནས་དང་ཡུལ་སྐོར་གྱི་ལྟེ་བར་ཆགས་ཡོད་པ་མ་ཟད། རི་ཆུའི་མཛེས་ལྗོངས་ལྟ་བས་མི་ངོམས་པས་དཀར་མཛེས་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་། མཐའ་སྐོར་གྱི་ས་ཆ་དག་གི་ཡུལ་སྐོར་ལས་རིགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ།

༡༢.png

  • 顶 0