ཡ་རབས་ཚུལ་ལྡན་གྱི་གོམས་གཤིས་བསྐྱངས་ནས་མི་སེར་ཚོ་བདེ་སྐྱིད་ལམ་བུར་སྐྱོད་དུ་བཅུག

2019-08-28
0

ཡ་རབས་ཚུལ་ལྡན་གྱི་གོམས་གཤིས་བསྐྱངས་ནས་མི་སེར་ཚོ་བདེ་སྐྱིད་ལམ་བུར་སྐྱོད་དུ་བཅུག

ཧ་ཁྱུང་གྲོང་སྡེ་ནི་བརྒྱད་ཟིལ་རྫོང་དཀར་གྲོང་རྡལ་དང་སྤྱི་ལེ5རྒྱང་བའི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད་ཅིང་།གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ107ཡོད་པའི་གྲོང་སྡེ་དེའི་ཆ་སྙོམས་མཚོ་འཕགས་སྨི2984ཡོད་པ་རེད། གྲོང་སྡེའི་མངའ་ཁོངས་སུ་གྲོང་མིའི་ཚོ་ཆུང3དང་ཞིང་པའི་དུད་ཚང494ཡི་མི་གྲངས1812ཡོད་པ་རེད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་འོག  ཉེ་བའི་ལོ་འགའ་ཡི་རིང་གྲོང་སྡེ་དེར་ཐོན་ལས་དར་རྒྱས་ཡོང་བ་དང་། སྐྱེ་ཁམས་ཀྱི་གནས་ལུགས་འཚམ་པ། ཡུལ་སྲོལ་ཡ་རབས་ཚུལ་ལྡན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོར་ཆགས་སྟབས། སྔོན་རྗེས་སུ་ཞིང་ཆེན་རིམ་པའི་ཡ་རབས་གྲོང་སྡེ་དང་ཞིང་ཆེན་རིམ་པའི་བཞི་ཡག་གྲོང་སྡེར་བདམས་ཡོད་པ་རེད།

དཔལ་འབྱོར་འཛིན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ཕྱུག་པོར་ཆགས་ཤིང་གྲོང་སྡེ་སྟོབས་ལྡན་གྱུར།

འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱེད་ཅིང་། ཕུན་སུམ་ཚོགས་པའི་ས་ཞིང་གི་ཐོན་ཁུངས་བེད་སྤྱོད་བཏང་ནས་ཆིང་པའེ་ཅང་ཀྲུང་ཁང་སྨན་རྫས་རྒྱ་སྨན་སྨན་རྩྭའི་འདེབས་འཛུགས་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ། ས་ཞིང་བཤུག་གླ་དང་གླ་པ་བསྡུ་ལེན་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱད་ནས་ཞིང་པའི་ཡོང་འབབ་འཕར་སྣོན་བཏང་བ་རེད།

ཞིང་ལས་མཁོ་འདོན་གྱི་སྒྲིག་གཞི་བཅོས་བསྒྱུར་བྱ་རྒྱུའི་བླང་བྱ་ལྟར། ཞིང་ལས་སྤྲོ་གསེང་ཉམས་ལེན་བྱེད་ས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། དུས་རིམ་དང་པོར་བཤུག་གླ་གཏོང་བའི་ས་ཞིང་མུའུ40དེ་ས་དུམ180ལྷག་ལ་བགོས་ནས་རྫོང་གི་གྲོང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ལོ་རེར་སྒོར600རེ་བྱས་ནས་བོགས་གླ་བཏང་བར་མ་ཟད། རིན་དོད་ཡོད་པའི་ཐོག་ནས་ཚབ་གཉེར་ཞབས་ཞུ་བྱེད་ཅིང་ས་བོན་དང་རྫས་འགྱུར་ལུད་ཕྱིར་འཚོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཡོང་འབབ་རག་ཐབས་བྱས་པ་དང་ཆབས་ཅིག མཐའ་སྐོར་གྱི་ཞིང་པའི་སྣེ་ལེན་དུད་ཚང་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱས་པ་རེད། དཔེ་སྟོན་ལྡུམ་ཁུལ་འཛུགས་སྐྲུན་བྱེད་པའི་ལས་ཀར་རྫོང་གི་གྲོང་ཁུལ་གྱི་ཡུལ་མི་དང་ཧ་ཁྱུང་ཞིང་པས་ཐུན་མོང་དུ་ཁས་ལེན་བྱས་ཤིང་།ད་ལོར་འབྲི་ཏ་ས་འཛིན་མུའུ20ཡི་རྟེན་གཞི་རྒྱ་སྐྱེད་བཏང་རྗེས་གཞི་ཁྱོན་མུའུ60ལ་བསླེབ་ཐུབ་རྒྱུ་རེད།

མིག་སྔར། ཧ་ཁྱུང་གྲོང་སྡེས་མཉམ་ལས་ཁང་དང་གྲོང་མིའི་བར་མུའུ་སྟོང་ལ་ཉེ་བའི་ས་ཞིང་བཤུག་གླ་གཏང་རྒྱུའི་གྲོས་མཐུན་ཡི་གེ་བཞག་ནས། ཕྱིན་ཆད་སྐྱེ་ཁམས་མཛེས་ལྗོངས་ལ་ལྟ་ས་དང་སྤྲོ་གསེང་ཞིང་ལས། རིག་གནས་ཉམས་ཞིབ་བྱེད་ས་བཅས་ཟུང་དུ་འབྲེལ་བའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། ན་ལོར་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར14000ལྷག་མངོན་འགྱུར་བྱུང་ཡོད་པ་རེད།

ཡ་རབས་ཚུལ་ལྡན་ལ་གཙིགས་ཆེན་དང་སློབ་གསོར་ཤུགས་བསྣན་ཏེ་སྤྱོད་བཟང་ལ་བརྟེན་ནས་གྲོང་སྡེ་སྐྱོང་།

བསམ་བློའི་ཀུན་སྤྱོད་སློབ་གསོའི་བྱེད་སྒོར་ཤུགས་སྣོན་བརྒྱབ་པ་དང་ཁྱད་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་རེད། ན་ལོར་ནས་བཟུང་ཞིང་པའི་མཚན་མོའི་སློབ་གྲྭ་དང་ཞིང་ཁའི་སློབ་གྲྭ་སོགས་བྱེད་ཐབས་སྣ་མང་གི་སྒོ་ནས་མི་གྲངས5000ཙམ་ལ་དྲིལ་བསྒྲགས་ཐེངས50ལྷག་བྱས་པ་རེད།

གྲོང་སྡེ་ཡོངས་སུ་དུད་ཚང20དེ་རིམ་པ10ཅན་གྱི་ཡ་རབས་དུད་ཚང་དུ་དཔྱད་བསྡུར་གཏན་འབེབས་བྱས། ཐེངས་འདིའི་བྱེད་སྒོ་སྤེལ་ནས་སྔོན་ཐོན་གྱི་བྱ་གཞག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔེ་འོས་ཀྱིས་ཁྲིད་སྟོན་བྱས་པར་བརྟེན། གྲོང་སྡེ་ཡོངས་ཀྱི་ཁྱབ་ཁོངས་སུ་རྐུ་འཕྲོག་དང་། རྒྱན་འཛུགས་མཁན། གང་རུང་དུ་ཤིང་གཅོད་མཁན། བཀས་བཀོས་རྒྱུད་འཛིན་གྱི་རྨོངས་དད་བྱེད་མཁན་སོགས་ཁྲིམས་འགལ་བྱ་སྤྱོད་སྒྲུབ་མཁན་མེད་པ་དང་། ཉལ་ཐར་འཐེན་མཁན་དང་། ལོག་གཡེང་བྱེད་མཁན། བུད་མེད་དང་ཕྲུ་གུ་འཚོང་མཁན་སོགས་སྤྱི་ཚོགས་ཀྱི་བྱ་ངན་གནས་ཚུལ་མེད་པ་རེད།

སྐྱེ་ཁམས་ལ་གཙིགས་ཆེན་བྱས་ཏེ་ཁོར་ཡུག་བཟང་འགྱུར་དང་མཛེས་སྡུག་གི་གྲོང་སྡེ་བསྐྲུན།

ཁོར་ཡུག་འཛུགས་སྐྲུན་ནི་ཡ་རབས་ཚུལ་ལྡན་གྱི་གྲོང་སྡེ་འཛུགས་སྐྱོང་བྱེད་པའི་གལ་ཆེའི་ནང་དོན་གྱི་ཡ་གྱལ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་གྲོང་སྡེ་དེས་རྒྱུན་ཆད་མེད་པར་གྲོང་མིར་དྭངས་གཙང་མཛེས་སྡུག་དང་། བདེ་སྐྱིད་འཆམ་མཐུན། བྱེད་ནུས་ཀུན་འཛོམས། སྒྲིག་ཆས་ཆ་ཚང་གི་འཚོ་གནས་ཁོར་ཡུག་ཞིག་བསྐྲུན་གང་ཐུབ་བྱས་ཡོད་པ་རེད།

ཧ་ཁྱུང་གྲོང་སྡེའི་གནས་སྤོ་ཡུལ་མིའི་ས་ཚུགས་བསྐྲུན་པ་ནས་བཟུང་། གནས་སྤོ་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་གི་ལས་ཀ་དེ་གཅིག་གྱུར་གྱིས་འཆར་འགོད་དང་བྱེད་སྟངས་གཅིག་མཚུངས་ཡིན་པ་རེད།

བརྟན་བརླིང་སྲུང་སྐྱོང་དང་སྒྲིག་ལམ་བཟང་འགྱུར་བྱས་ཏེ་འཆམ་མཐུན་ལ་བརྟེན་ནས་གྲོང་སྡེ་དར་རྒྱས་བཏང་།

ཁྲིམས་ལུགས་ཁྱབ་གདལ་གྱི་ལས་འགན་ལག་བསྟར་ནན་ཏན་བྱས་ཏེ་ཧུར་ཐག་གིས་དམངས་གཙོའི་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། ཕྱོགས་བསྡུས་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བདེ་སྐྱོང་གི་གནས་ཚུལ་ཡག་པོ་ཡིན་པ་རེད།

ཁག་བགོས་ནས་མཐའ་སྐོར་གྱི་ཁེ་ལས་དང་སློབ་གྲྭ་བཅས་དང་ཐུན་མོང་འགོག་ཟོན་གྱི་མ་ལག་འཛུགས་སྐྱོང་བྱས་པ་དང་བདེ་སྐྱོང་མི་སྣ་སྒྲིག་འཛུགས་བྱས་ཏེ་སྐོར་ཞིབ་བྱས་པས། གྲོང་སྡེ་ཡོངས་སུ་གྱོད་དོན་ཚབས་ཆེན་དང་མེ་སྐྱོན། བདེ་འཇགས་ཀྱི་བྱུར་རྐྱེན་གཅིག་ཀྱང་བྱུང་མེད་པ་རེད།

དྲ་བ་ལེགས་སྒྲིག་དང་འཛུགས་གཉེར་འཐུས་ཚང་བཅས་བྱས་ནས། ཡ་རབས་ཚུལ་ལྡན་གྱི་གྲོང་སྡེ་འཛུགས་སྐྱོང་བྱེད་པའི་བྱེད་སྒོ་ཟབ་སྤེལ་བཏང་སྟེ་ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཐེངས་བདུན་པའི་ལས་ཀ་ཡག་པོ་འཛིན་པ་དང་། དུས་རྒྱུན་གྲོང་མིར《ས་ཞིང་བཅའ་ཁྲིམས》དང《དམངས་དོན་བཅའ་ཁྲིམས》།《གཉེན་སྒྲིག་བཅའ་ཁྲིམས》སོགས་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། གྲོང་མིས་བཅའ་ཁྲིམས་ཀྱི་གཟབ་ནན་རང་བཞིན་ངོས་འཛིན་བྱེད་ཐུབ་པ་དང་རྒྱུན་ཆད་མེད་པར་གྲོང་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཇེ་དྲག་ཏུ་བཏང་བ་རེད།

རིག་གནས་གཙིགས་ཆེན་འཛིན་པ་དང་ཡིད་ཆེས་བརྟན་པོ་འཛིན་ནས་གྲོང་སྡེ་འཛུགས་སྐྱོང་བྱས།

དཔལ་ཡོན་འཛུགས་སྐྱོང་བྱེད་པའི་གཞི་རྟེན་གཙོ་བོ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཞིབ་ཕྲའི་ངང་ལྔ་ཡག་ཁྱིམ་ཚང་དཔྱད་འདེམས་བྱེད་པ་སོགས་གྲོང་མིས་ལྟ་དགའ་ཉན་འདོན་ཡོད་པ་དང་ཁྱད་ཆོས་སྣ་མང་ལྡན་པའི་བྱེད་སྒོ་འགའ་སྤེལ་བར་བརྒྱུད་ནས། གྲོང་མིས་རང་ངོས་སློབ་གསོ་དང་རང་ངོས་གདེང་འཇོག་བྱེད་པའི་ཁྲོད་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་གྲུབ་འབྲས་ལོངས་སྤྱོད་བྱས་པར་བརྟེན།རྒྱ་ཆེ་བའི་གྲོང་མིའི་ཡ་རབས་ཚུལ་ལྡན་གྱི་གྲོང་སྡེ་འཛུགས་སྐྱོང་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པ་རེད།

  • 顶 0