སྙན་ངག་གཅིག་ཀློག་ཅེས་པའི་སྙན་ངག་གྱེར་འདོན་བསྡུ་ལེན་བྱེད་སྒོ།

2019-08-26
0

སྙན་ངག་ནི་སྐབས་རེར་རྒྱལ་གཅེས་ཀྱི་དུང་ཞེན་ཆེན་པོ་ཞིག་སྟེ། དཔེར་ན་ཨའེ་ཆིན་གྱི་ཡུལ་ཁམས་འདི་ལ་གཅེས་ལྟ་བུ།

སྙན་ངག་ནི་སྐབས་རེར་རླབས་ཆེན་གྱི་བརྩེ་བ་ཞིག་སྟེ། དཔེར་ན་ཡི་དམ་ཚེ་རིང་གི་རྔ་ཆེན་རོལ་དབྱངས་ལྟ་བུ།

སྙན་ངག་ནི་སྐབས་རེར་ལང་ཚོའི་བསྟོད་གླུ་ཞིག་སྟེ། དཔེར་ན་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ལྟ་བུ།

སྙན་ངག་ནི་སྐབས་རེར་ལྷད་མེད་ཀྱི་བརྩེ་དུང་ཞིག་སྟེ། དཔེར་ན་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ་ལྟ་བུ།

སྙན་ངག་ནི་སྐབས་རེར་ཕ་ཡུལ་གྱི་དྲན་གདུང་ཞིག་སྟེ། དཔེར་ན་ཤེལ་དཀར་གླིང་པའི་ལྷ་ས་དྲན་གླུ་ལྟ་བུ།

སྙག་ངག་གྱེར་འདོན་ནི་སྒྱུ་རྩལ་གྱི་ཁོངས་གཏོགས་ཤིག་ཡིན་ལ།གྱེར་འདོན་བྱེད་པའི་སྐབས་སུ་སྐད་གདངས་ཡག་པའི་ཆ་རྐྱེན་འཛོམས་དགོས་པར་མ་ཟད། གྱེར་བྱའི་སྙན་ངག་སམ་མ་ཡིག་གི་ཡིག་འབྲུ་རེ་རེ་ནང་དོན་དང་རྩོམ་པ་པོའི་སྐབས་དེའི་ཚོར་བ་དང་བརྗོད་འདོད་པའི་སེམས་ཀྱི་གདངས་དབྱངས་དེ་རྟོགས་ཅི་ཐུབ་བྱ་དགོས། དེ་ལྟར་བྱས་ན་གསན་མཁན་ནམ་ཕ་རོལ་པའི་ཡིད་སེམས་ཅིག་ཅར་དུ་འགུག་ཐུབ་པར་མ་ཟད། སྙན་ངག་གི་ཆེས་མཆོག་མཛེས་པ་དེ་ངོམ་ཐུབ། དེ་བཞིན་སྐུ་ཉིད་ཀྱང་སྙན་ངག་གྱེར་འདོན་སྐོར་ལ་སྤྲོ་བ་ཡོད་མཁན་དང་དེའི་སྐོར་གྱི་ལས་ཀ་གཉེར་མཁན་ཞིག་ཡིན་ན། ཁམས་པའི་བརྙན་འཕྲིན་ཁང་གི་སྐད་གཉིས་སྙན་ངག་སྟོན་ཚོགས་ཀྱི་སྙན་ངག་གཅིག་ཀློག་ཅེས་པའི་བྱེད་སྒོར་ཞུགས་དང་། འདི་ནི་ང་ཚོ་ཚང་མར་དབང་བའི་སྙན་ངག་གི་གར་སྟེགས་ཤིག་ཡིན།

གཅིགསྙན་ངག་གི་བརྗོད་བྱ།

གྱེར་འདོན་བྱ་རྒྱུའི་སྙན་ངག་གི་ནང་དོན་ཡ་རབས་སྤྱོད་བཟང་དང་།ཕ་ཡུལ་གྱི་རི་ཆུ་ལུང་གསུམ། དེ་མིན་མེས་རྒྱལ་ལ་བཅངས་པའི་བརྩེ་བ་སོགས་དྲང་ཕྱོགས་ཀྱི་སྙན་ངག་ཤ་སྟག་ཡིན་དགོས། བརྗོད་བྱ་དང་མི་འཚམ་པའི་སྙན་ངག་དག་ཐེངས་འདིའི་བྱེད་སྒོའི་ནང་ལེན་རྒྱུ་མིན་པས་ཐུགས་འཇགས་འཚལ།

གཉིས།ཐོ་འགོད་དུས་ཚོད་དང་ཞུགས་ཐབས།

2019ལོའི་སྤྱི་ཟླ་8པའི་ཚེས་24ཉིན་ནས་ཚེས་30བར་རང་ཉིད་སྒྲ་ཕབ་པའམ་བརྙན་ཕབ་ཟིན་པ་དེ་གློག་རྡུལ་ཡིག་ཟམ་zwwll2018@163.comཁྲོད་དུ་སྐུར་དགོས་ལ།ཡིག་ཟམ་གྱི་ཁ་ཡིག་ལ་རྒྱ་ཡིག་གི་རང་ཉིད་ཀྱི་མིང་དང་སྙན་ངག་གཅིག་ཀློག་ཅེས་པའི་བྱེད་སྒོའི་མིང་འབྲི་དགོས། ཡིག་ཟམ་ཁྲོད་རང་ཉིད་ཀྱི་མིང་དང་འབྲེལ་གཏུགས་ཁ་པར། གློག་རྡུལ་ཡིག་ཟམ། དུས་རྒྱུན་འཚོ་བའི་ཁྲོད་ཀྱི་འདྲ་པར་གཅིག་བཅས་སྐུར་དགོས་ལ། མཇུག་མཐར་གྱེར་འདོན་བྱས་པའི་སྙན་ངག་སྐུར་དགོས།

གསུམ།ཉམས་འཇོག་བྱེད་དགོས་ས།

གྱེར་འདོན་བྱས་པའི་སྙན་ངག་ངེས་པར་དུ་རང་ཉིད་ཀྱིས་གྱེར་འདོན་བྱས་པ་ཡིན་དགོས་ལ།བརྙན་དང་སྒྲ་སོགས་གཞན་པ་བེད་སྤྱོད་བྱེད་མི་ཆོག གྱེར་བྱའི་སྙན་ངག་གི་རྩོམ་ལ་ཁྱད་པར་མེད་པར་མ་ཟད། རྒྱ་བོད་སྐད་གཉིས་གང་ཡིན་ཆོག་ལ། གྱེར་འདོན་བྱེད་དུས་ངེས་པར་ཚིག་གསལ་པོ། སྒྲ་དག་མོ་ཡིན་དགོས།

བཞི།དཔྱད་བསྐོས་སྒྲིག་ལམ།

ངེད་ཅག་ལ་བསྐུར་བའི་བརྩམས་ཆོས་དག་ཞིབ་བཤེར་བྱས་རྗེས།སྤྱི་ཟླ་9པའི་ཚེས་1ནས་ཚེས་6པར་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། བརྩམས་ཆོས་རེ་རེ་མནན་ནས་རང་ཉིད་ཀྱི་ཡིད་དབང་བཀུག་ཡོད་ན་དེ་ལ་གཟེངས་རྟགས་དང་བརྒྱུད་སྐུར་བྱ་ཆོག མཇུག་མཐར་ཕུལ་དུ་བྱུང་བའི་གྱེར་འདོན་མཁན་འགའ་རེ་ཁམས་པའི་བརྙན་འཕྲིན་ཁང་གི་2019ལོའི་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྟོན་ཚོགས་ཀྱི་མཇུག་འགྲན་མཐར་མར་ཞུགས་པའི་གོ་སྐབས་ཡོད། (བྱེད་སྒོའི་སྐོར་ནས་ཡོད་ཚད་ཁམས་པའི་བརྙན་འཕྲིན་ཁང་གིས་བཤད་པ་ནང་བཞིན་ཡིན།)

  • 顶 0