ཁྱོད་སྙན་ངག་ལ་མཁས་ན་ཁྱོད་ཀྱི་ཁ་པར་སྐད་རིན་ངས་བླུགས་ཆོག

2019-08-26
0

图片1.png

ཁམས་པའི་བརྙན་འཕྲིན་ཁང་གི་ལོ་རེར་ཐེངས་རེ་སྤེལ་བཞིན་པའི་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྟོན་ཚོགས་བསྡུ་ལ་ཉེ་ཞིང་། རྒྱ་བོད་སྐད་གཉིས་སྟོན་ཚོགས་སྐོར་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ན། ལོ་རེའི་ཟླ་བརྒྱད་པའི་ནང་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་རྒྱུན་ཤེས་སྐོར་གྱི་དྲ་ཐོག་འགྲན་སྡུར་ཅིག་ཡོད་པ་ཡང་ཤེས་རྒྱུ་རེད། ད་ལོའི་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་རྒྱུན་ཤེས་སྐོར་གྱི་དྲ་ཐོག་འགྲན་སྡུར་དེ་དོ་དགོང་དུས་ཚོད་8:00ཀྱི་སྟེང་དུ་འགོ་བརྩམ་རྒྱུ་ཡིན་ལ། སྙན་ངག་རྒྱུན་ཤེས་དང་དེ་མིན་སྐད་གཉིས་སློབ་གསོའི་སྐོར་ལ་སྤྲོ་བ་ཡོད་མཁན་ཚོས་ཁ་པར་ཨང་གྲངས་གཏགས་ནས་འགྲན་སྡུར་ལ་ཞུགས་ཆོག

འགྲན་ཞུགས་པ་ཚོ་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་དང་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས། ཤམ་བྷ་ལ་རོལ་དབྱངས་འཕྲིན་སྟེགས། ཁམས་པའི་བརྙན་འཕྲིན་དྲ་བ་བཅས་བརྒྱུད་ནས་ཞུགས་ཆོག་པར་མ་ཟད། གཤམ་གྱི་རྩ་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་ཐད་ཀར་འགྲན་སྡུར་ལ་ཞུགས་ཐུབ།

图片2.png

ངེད་ཅག་གིས་ཉིན་རེར་མི་རེ་ལ་རྒྱ་བོད་སྐད་གཉིས་ཀྱི་དྲི་བ་10གཏོང་རྒྱུ་ཡིན་ལ། དེའི་ཁྲོད་ཀྱི་དྲི་བ་8ལ་ལན་ཡང་དག་འདེབས་ཐུབ་ན་སྒོར་50ཡི་ཁ་པར་སྐད་རིན་རེག་པའི་གོ་སྐབས་ཡོད། དེ་མིན་བརྒྱུད་སྐུར་དང་ཉར་ཚགས་བྱས་ནས་བྱ་དགའ་ཐོབ་པའི་སྲིད་ཕྱོད་ཇེ་མཐོ་ཡིན།

སྐད་གཉིས་འགྲན་སྡུར་ལ་ཞུགས་པའི་གོ་རིམ་གསལ་བཤད་ཙམ་བྱས་ན།

图片3.png

ཐོག་མར་རང་ཉིད་ཀྱི་ཁ་པར་ཨང་གྲངས་གཏགས་དགོས་ལ་ཁ་པར་ཨང་གྲངས་མ་གཏགས་ཚེ་དྲིས་ལན་ཡང་དག་ཡིན་ཡང་བྱ་དགའ་ལེན་མི་ཐུབ།

༢.png

ཁ་པར་ཨང་གྲངས་གཏགས་ཚར་རྗེས་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྐོར་གྱི་དྲི་བ་10རེ་རེ་བཞིན་མཐོང་ཐུབ།

图片4.png

དྲི་བ་10ལ་ལན་བཏབ་རྗེས་རང་ཉིད་ཀྱིས་སྡོམ་སྐར་ག་ཚོད་ལོན་ཡོད་པ་མཐོང་ཐུབ།

མྱུར་དུ་འགྲན་སྡུར་ལ་ཞུགས་དང་།

ང་ཚོ་མཉམ་དུ་སྙན་ངག་ཤེས་བྱའི་རྩེད་འཇོ་རོལ།

གཤམ་གྱི་སྦྲེལ་ཐག་འདི་མནན་ནས། ཐད་ཀར་འགྲན་སྡུར་ལ་ཞུགས་ཆོག

https://file205966caaa75.aiwall.com/v3/idea/CRFvD2Tj

འགྲན་སྡུར་གྱི་དུས་ཚོད་ཕྱོགས་ནས་གླེང་ན། 2019ལོའི་ཟླ་8པའི་ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་8ནས་2019ལོའི་ཟླ་9པའི་ཚེས་10ཉིན་གྱི་དགོང་མོའི་ཆུ་ཚོད་12བར་ཡིན།

  • 顶 0