ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་གནས་མཆོག་སྡེ་དགེ་རུ་འཚོགས།

2019-08-22
0

         བརྒྱད་པའི་ཚེས་བཅུ་གཉིས་ལ།  ཁམས་པའི་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་སྤེལ་འགོ་ཚུགས།

ཐེངས་འདིའི་ཁམས་པའི་གེ་སར་རིག་གནས་ཞིབ་འཇུག་པ་དང་གཞན་ཡང་གླེང་འཚོགས་སུ་ཕེབས་པའི་མཁས་ཆེན་དག་ནི་བོད་ལྗོངས་དང་མཚོ་སྔོན། ཡུན་ནན། སི་ཁྲོན་བཅས་ནས་ཡིན་ཅིང་། ཐོག་མར་དགེ་རྫོང་བཤམས་སྟོན་ཁང་དུ་ཐང་ག་རི་མོའི་སྒྱུ་རྩལ་དང་བོད་ཀྱི་ཡིག་གཟུགས། ལྷ་སྐུ་བཟོ་རྩལ་སོགས་ལ་གཟིགས་མོ་གནང་། དེ་ནས་སྡེ་དགེ་སློབ་ཆུང་གཉིས་པ་ན་ཁམས་པའི་སྡེ་དགེའི་ཟས་མཆོག་དུས་ཆེན་རོལ།

དེ་རྗེས་གླེང་སྟེགས་ཐོག་ཏུ་ཁམས་པའི་རིག་གནས་ཀྱི་བརྗོད་གཞི་འདིར་གཞིགས་ཏེ་མཁས་པ་སོ་སོའི་དགོངས་ཚུལ་བསྒྲེང་པ་དང་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གིས་གནད་དོན་ཞིབ་འཇུག་མ་ལག་དཔེ་ཚོགས་དཔེ་གསར་འགྲེམ་སྤེལ་བྱས།

ཐེངས་འདིའི་ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ། ཁམས་པའི་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་ནི་རྒྱལ་ཡོངས་ཀྱི་གེ་སར་སྒྲུང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། དཀར་མཛེས་ཁུལ་ཨུད་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས།༨ དཀར་མཛེས་ཁུལ་ཨུད་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རོགས་སྒྲུབ་བྱས་ཤིང་། སྡེ་དགེ་རྫོང་ཨུ་དང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་། ཁམས་པ་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་རེད།

གསར་འགོད་པ། མགོན་པོ་དབང་འདུས། ཤེས་རབ་རྣམ་རྒྱལ།  ཚེ་དབང་རྡོ་རྗེ།  བྱམས་པ་དབང་ཕྱུག   

  • 顶 0