དབྱར་གྱི་དཔལ་ཡོན་རབ་ཏུ་རྒྱས་པའི་སྐབས་འདིར་ཀྲུང་གོ་སེར་ཤུལ་རྫོང་བྱང་སྡེ་ཉི་མའི་རྩྭ་ཐང་དུ་ཕེབས་དང་སྦྲ་གུར་དུས་སྟོན་ཆེན་མོས་ཁྱེད་ལ་ལྟད་མོ་མིག་གི་ལོངས་སྤྱོད་འབུལ་ངེས།

2019-07-26
0

image.png

ཡུལ་དངོས་སུ་ཕེབས་མ་ཐུབ་པའི་གཟིགས་མོ་བ་རྣམ་པས་གཤམ་གྱི་དྲ་གནས་ལ་ཞུགས་ནས་ཁམས་པའི་བརྙན་འཕྲིན་ཁང་གིས་སྤེལ་བའི་ཐད་གཏོང་ལ་གཟིགས་ཐུབ།

http://mudu.tv/watch/3505676

དུས་སྟོན་སྤེལ་ཡུན། ཟླ༧པའི་ཚེས༢༦ནས་ཟླ༧པའི་ཚེས་༢༨བར།

བདེ་འགྱུར་གར་གྱི་སྟངས་སྟབས་དང་སྦྲ་གུར་ཁྲི་ཡི་གཟི་ཉམས། རྟ་མཆོག་ཁྲི་ཡི་འགྲོས་གོམ་སོགས་ལྟ་བས་མི་ངོམས་པའི་་དུས་སྟོན་གཟིགས་པར་ཕེབས་ཤོག

image.png

image.png

image.png

image.png

དེ་ཐེངས་བྱང་སྡེ་ཉི་མའི་སྤྲོ་སྐྱིད་མཉམ་འཛོམས་ཀྱི་དུས་སྟོན་འདི་ལ་བལྟས་ན་མིག་དབང་འཕྲོག་པ་དང་ཉན་ན་རྣ་བའི་བདུད་རྩི་རུ་གྱུར་བའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་ཡོངས་རྫོགས་གླུ་གར་སྒྱུ་རྩལ་གྱི་ལམ་ནས་ངོམ་ཡོད་པའི་ངོ་མཚར་སྟོང་གིས་བསྐྲུན་པའི་གར་སྟེགས་ཤིག་ཡིན་པ་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་སྲིད་ཇུས་བཟང་པོའི་དྲིན་གྱིས་སྔར་ལས་ལྷག་པའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་རོལ་ཐུབ་པར་བཀའ་དྲིན་མཚོན་ཐབས་ཡིན་པ་རེད།

image.png

༢༠༡༩ལོའི ་ཀྲུང་གོ་སེར་ཤུལ་རྫོང་བྱང་སྡེ་ཉི་མའི་སྤྲོ་སྐྱིད་མཉམ་འཛོམས་ཀྱི་སྦྲ་གུར་དུས་སྟོན་སྤེལ་བའི་དུས་ཚོད། ཟླ7པའི་ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད10:00-12:00 འདི་ནས་ཁྱེད་ཀྱིས་ལུས་སེམས་ལྷོད་ལ་བབས་ནས་མཛེས་སྡུག་གི་ཡུལ་ལྗོངས་དང་ཁམས་པའི་གླུ་གར་གྱི་མཚར་སྡུག ད་དུང་སེར་ཤུལ་གྱི་ཞིམ་མངར་བདུད་རྩི་ལྟ་བུའི་འབྲོག་ཟས་སོགས་ཅི་དགའ་ལོངས་སུ་སྤྱོད་ཆོག

image.png

image.png

image.png

image.png

image.png

image.png

image.png

  • 顶 0