ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཡུལ་དགའ་བསྐྱོད་ཅེས་པའི་གཞི་རིམ་དུ་བསྐྱོད་ནས་སྤྱི་ཕན་བྱ་འགུལ་སྤེལ་བའི་འགྲུལ་བཞུད་སྐོར་གྱི་གནས་ཚུལ།

2019-07-26
0

微信图片_20190725192350.jpg

ལམ་དུ་ཆས་ཁར་བླངས་པའི་ལས་སྒྲུབ་མི་སྣའི་མཉམ་པར།

ཟླ་བདུན་པའི་ཚེས ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་དྲུག་པའི་ཐོག ཁམས་པའི་བརྙན་འཕྲིན་ཁང་གི་གཞི་རིམ་དུ་བསྐྱོད་པའི་ལས་སྒྲུབ་རུ་ཁག་རླངས་འཁོར་ནང་བསྡད་ནས་ཁྲེང་ཏུའུ་གྲོང་ཁྱེར་ནས་ལེ་བར་སྟོང་ལྷག་གི་བར་ཐག་ཡོད་པའི་བྱང་སྡེ་ཉི་མ་རྫ་ཆུ་ཁ་རུ་བསྐྱོད་འགོ་བརྩམས།

རི་ལུང་གྲངས་མེད་བརྒལ་བའི་ད་ཐེངས་ཀྱི་སྤྱི་ཕན་བྱ་འགུལ་འདི་ནི་ས་བབ་མཐོ་བ་དང་། ལམ་ཐག་རིང་བ་བཅས་ཀྱི་དཀའ་ཚེགས་དང་ངལ་དུབ་གང་མང་ཡོད་པའི་འགྲུལ་བཞུད་ཅིག་ཡིན་ལ། དེ་ལས་ལྷག་པར་གཞི་རིམ་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཞབས་ཞུ་སྒྲུབ་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད། སྲིད་ཇུས་བཟང་པོའི་འོག་བོད་ཁུལ་གྱི་མང་ཚོགས་ཡོངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་སྐལ་བཟང་དུས་བཟང་གི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་གང་མང་མདོ་དབུས་ཁམས་གསུམ་གྱི་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་མིག་གི་དགའ་སྟོན་དུ་འབུལ་ཐུབ་ཆེད། མི་ཚང་མའི་སེམས་ལ་གཟི་བརྗིད་དང་སྤོབས་པས་ཁེངས་ནས་ལམ་ལ་ཆས།

微信图片_20190725195421.jpg

ལས་སྒྲུབ་པས་སྒྲིག་ཆས་རླངས་འཁོར་ནང་འཇོག་བཞིན་པ།

ཉིན་དང་པོར་ལས་སྒྲུབ་རུ་ཁག་ཆུ་ཚོད་ལྔ་ཙམ་གྱི་རིང་ཁྲེང་ཏུའུ་ནས་གཡག་རྔ། དར་མདོ་བཅས་བརྒྱུད་ནས་རྒྱུ་ལར་ཐོན་པ་རེད། རྒྱུ་ལ་བརྒལ་དུས་ལས་གྲོགས་ཁ་ཤས་ས་ཆུ་མ་འཕྲོད་པར་ལུས་པོ་ཅུང་མི་བདེ་བ་བྱུང་ཡང་། ཚང་མས་ཕན་ཚུན་རོགས་རམ་བྱས་ནས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ཏེ། བརྩོན་སེམས་མ་ཉམས་པར་མུ་མཐུད་དུ་བསྐྱོད་པས་མཐར་བདེ་ལེགས་ངང་བྲག་འགོ་རྫོང་དུ་བསླེབས་ནས་དེ་རུ་ཞག་སྡོད་བྱས།

微信图片_20190725192434.jpg

ལུང་བསྟན་རྩྭ་ཐང་ནས་བླངས་པའི་ལས་སྒྲུབ་པའི་མཉམ་པར།

ཟླ ༧ པའི་ཚེས ༢༤ ཉིན། ལས་སྒྲུབ་རུ་ཁག་མུ་མཐུད་དེ་ལམ་དུ་ཆས། ཉིན་གང་པོར་ཆར་བ་བབས་པས་གཞུང་ལམ་ཐོག་ཆུ་འཁྱིལ་བ་དང་། རི་མགོ་ནས་མར་འབབ་སྐབས་རླངས་འཁོར་གྱི་འཁོར་ལོ་འདམ་པའི་ནང་དུ་འཛུལ་བ་བཅས་ཀྱི་དཀའ་ཁག་མི་ཉུང་བ་དང་འཕྲད།

微信图片_20190725193959.jpg

ཆར་རླུང་ཁྲོད་མདུན་དུ་སྐྱོད་བཞིན་པ།

ཆར་རླུང་གྲང་ངར་ཆེ་བ་དང་ཉི་མ་ཚ་བ། ལམ་བར་དུ་ངལ་དུབ་ཆེ་ན་ཡང་། ལས་སྒྲུབ་མི་སྣ་ཡོངས་ཀྱིས་དཀའ་བ་ཁྱད་དུ་བསད་པ་དང་ངལ་བ་དང་དུ་བླངས་ནས་ཚེས ༢༤ ཉིན་གྱི་ཕྱི་དྲོར་བདེ་འཇགས་ངང་སེར་ཤུལ་རྫོང་དུ་འབྱོར། དེ་ཡང་དཀའ་ངལ་ཆེ་བར་མ་འཛེམ་པར་ཚེས ༢༥ ཉིན་གྱི་སྔ་མོའི་ཆུ་ཚོད་བརྒྱད་པའི་ཐོགལས་སྒྲུབ་རུ་ཁག་གི་ལས་བྱེད་པ་ཡོངས་ངལ་གསོ་ཙམ་ཡང་མ་བྱས་པར་༢༠༡༩ ལོའི་ཀྲུང་གོ་སེར་ཤུལ་རྫོང་བྱང་སྡེ་ཉི་མའི་སྤྲོ་སྐྱིད་མཉམ་འཛོམས་ཀྱི་སྦྲ་གུར་དུས་སྟོན་ཐད་གཏོང་གི་གྲ་སྒྲིག་ལས་ཀའི་ལས་འགོ་བརྩམས་པ་རེད།

微信图片_20190725192728.jpg

སྨུག་རི་ལ་ནས་རླངས་འཁོར་འདམ་དུ་ཟུག་སྐབས།

微信图片_20190725195241.jpg

微信图片_20190725195203.jpg

ཡུལ་དངོས་སུ་ལས་སྒྲུབ་པས་ཚེས༢༦་ཉིན་གྱི་ཐད་གཏོང་ལ་གྲ་སྒྲིག་བྱེད་བཞིན་པ།

  • 顶 0