སེམས་ཀྱི་ཉི་ཟླ་ནས་ཐོན་པའི་བོད་པའི་གནམ་གྲུ་ཞབས་ཞུ་མ།

2019-07-26
0

11.jpg

སྐལ་བཟང་སྒྲོལ་མ་ནི་ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་ཞབས་ཞུ་མ་ཞིག་ཡིན་ལ། མོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོ་ནས་ཐོན་པའི་བོད་པའི་བུ་མོ་ཞིག་ཡིན། མོས་2018ལོར་བོད་ལྗོངས་སློབ་ཆེན་གྱི་གསར་འགྱུར་ཆེད་ལས་ནས་མཐར་ཕྱིན་པ་དང་། མོའི་ཚང་ལ་ཆ་རྐྱེན་ཞན་པས་སློབ་གྲྭར་ཡོད་དུས་ལམ་རིན་གོང་ཆེ་བས་མོ་གུང་གསེང་སྐབས་སུ་རྟག་ཏུ་ཁྱིམ་ལ་མི་ལོག་པ་དང་ལྷ་སར་གླ་བར་འགྲོ་བ་རེད། དེ་ནས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་མོའི་ཚང་གི་གནས་ཚུལ་ཤེས་ནས་མོ་ལ་རིན་མི་དགོས་པའི་གནམ་གྲུའི་སྤ་སེ་མཁོ་སྤྲོད་བྱས་པ་དང་མོ་ལ་སློབ་ཡོན་རོགས་དངུལ་གནང་བ་རེད།

222.jpg

སྐལ་བཟང་སྒྲོལ་མས་ལས་ཀ་བྱེད་བཞིན་པ།

2018ལོར་མོས་སློབ་གྲྭ་ཆེན་མོ་ནས་མཐའ་ཕྱིན་པ་དང་ལས་ཞུགས་དུས་དཀའ་ངལ་བྱུང་། སྐབས་དེར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་ལས་བྱེད་པས་མོ་ལ་ཟླ་10པར་ཀུང་སིས་སེམས་ཀྱི་ཉི་ཟླར་གནམ་གྲུའི་ཞབས་ཞུ་བ་བསྡུ་རྒྱུ་ཡིན་པ་དང་མོ་ལ་ངོ་རྒྱུགས་སོང་བར་སྐུལ་སློང་བྱས་པ་རེད།

22.jpg

སྐལ་བཟང་སྒྲོལ་མ(གཡོན)ཡིས་ལས་རོགས་ནས་སློབ་སྦྱོང་བྱེད་བཞིན་པ།

མོའི་ཆེད་ལས་གནམ་གྲུའི་ཞབས་ཞུ་མིན་པའི་རྐྱེན་གྱིས་མོ་ངོ་རྒྱུགས་འཕྲོད་ནས་དུས་ཡུན་ཟླ་བ་གསུམ་གྱི་དུས་ཚོད་ནང་མི་གཞན་གྱི་སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་འཕུར་སྐྱོད་ཤེས་བྱ་དང་ཞབས་ཞུ་ཤེས་བྱ།མྱུར་སྐྱོབ་ཤེས་བྱ་སོགས་སྣ་10ལྷག་སྦྱོང་དགོས། མོས་དཀའ་སྤྱད་འབད་བརྩོན་བྱས་ནས་སློབ་སྦྱོང་བྱས་པ་དང་རྒྱུགས་ཚང་མ་ཐེངས་གཅིག་རང་བཞིན་ནས་འཕྲོད་པ་རེད།

33.jpg

སྐལ་བཟང་སྒྲོལ་མ།

ད་ལྟའི་སྐལ་བཟང་སྒྲོལ་མ་ནི་རང་ལ་ཡིད་ཆེད་ཀྱི་ཉམས་ལྡན་པ་དང་། ཁྱད་པར་དུ་མོས་བོད་སྐད་ཤེས་པས་བོད་ཁུལ་མང་ཚོགས་ལ་ཞབས་ཞུ་བྱེད་ན་དེ་བས་སྟབས་བདེ་བ་དང་སྙིང་ཉེ་བའི་ཚོར་བ་ལྡན། ལོ་ཕྱེད་རིང་གི་འབད་བརྩོན་བྱས་ནས་མོས་སློབ་གྲྭར་ཡོད་དུས་ཀྱི་བུ་ལོན་ཀུན་འཇལ་བ་དང་། རྗེས་མའི་དུས་ཚོད་ནང་མོས་མུ་མཐུད་དུ་འབད་བརྩོན་བྱས་ནས་གོ་སྐབས་དེ་གཅེས་འཛིན་བྱ་རྒྱུ་དང་རང་གི་ལས་ཀ་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་མཚོན་པ་རེད།

  • 顶 0