སྐལ་བ་བཟང་པོའི་ཡུལ་སྐོར་ཡག་ཤོས་དེ་འབར་ཁམས་སྐོར་བྲོ་དུས་སྟོན་ཐོག་མཉམ་དུ་འཛོམས།

2019-07-25
0

རླུང་བུ་བསིལ་བསིལ་ལྡང་དུས། གྲོགས་མཆོག་ཕེབས་པར་དགས་བསུ་ཞུ།

ཤར་རྒྱལ་མོ་ཚ་བ་རོང་ན།

ལས་ཀྱིས་དབང་གིས་མི་རྣམས་ལྷན་དུ་འཛོམས།

སྐྱིད་པའི་སྐོར་བྲོ་མཉམ་དུ་འཁྲབ།

དབྱར་ཀྱི་དུས་སུ་འབར་ཁམས་ལ་མེ་ཏོག་རྣམ་པ་བཀྲ།

རྒྱལ་རོང་སྐོར་བྲོ་ཡི་དགའ་སྐྱིད་ལྟད་མོ་རོལ།

རྒྱལ་རོང་ཨ་ལ་ཆང་གསོལ་ཞེས་པའི་གསར་རྩོམ་རོལ་དབྱངས་དུས་སྟོན།

སྲོལ་རྒྱུན་སྐོར་བྲོ་འགྲན་བསྡུར།

གཅེས་སུ་འོས་པའི་འབར་ཁམས་བའི་གཟེངས་བསྟོད།

ལྟད་མོ་ཕུན་སུམ་ཚོགས།

ནང་དོན་ངོ་མཚར་ཆེ།

སྐོར་བྲོ་འདུ་ཚོགས།  འགོ་ཚུགས་མཛད་སྒོ།

འགོ་ཚུགས་མཛད་སྒོའི་ཐོག༼ཚོན་མདངས་རྣམ་པར་བཀྲ་བའི་རྔ་བའི་ཁྱད་ཆོས༽གཙོ་བོ་བྱེད་པ་དང་། བོད་རིགས་དང་ཆའང་རིགས་ཀྱི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་དེ་སྒྱུ་རྩལ་གྱི་ཐོག་ནས་མངོན་པ་བྱེད། མེ་ཏོག་བཞད་པའི་དུས་སྐབས། རྩྭ་ཐང་གི་འཇའ་ཚོན། བོད་སྡེའི་སྟོན་ཁ། བཀྲ་ཤིས་མཚམས་སྤྲིན། མཇུག་ལ་མཉམ་དུ་བཀྲ་ཤིས་པའི་ཞབས་བྲོ་མཉམ་དུ་འཁྲབ་ཞེས་པ་སོགས་ཀྱི་འཁྲབ་ཚན་ཡོད། སྐོར་བྲོ་རུ་ཁག༢༩ལྡན་ལ།༼འབར་ཁམས་སྐོར་བྲོ་རུ་ཁག༡༧དང་རྫོང་ཁག༡༢གཉིས་ཀྱི་སྐོར་བྲོ་རུ་ཁག༽མི་ཚོགས་འཁྲབ་སྟོན་པའི་འགོ་འཛུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱ་རྒྱུ་རེད། ༢༠༡༩ལོའི་ཤར་རྒྱལ་མོ་ཚ་བ་རོང་འབར་ཁམས་སྐོར་བྲོ་དུས་སྟོན་འགོ་ཚུགས་མཛད་སྒོའི་ཐོག་ངོ་མཚར་ཆེ་བའི་ལྟད་མོ་མང་།

རྒྱལ་རོང་སྐོར་བྲོ།

འབར་ཁམས་ནི་ཤར་རྒྱལ་མོ་ཚ་བ་རོང་གི་སྐོར་བྲོའི་ཕ་ས་ཡི་མཚན་ཉིད་ལྡན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ལྡན་རིག་གནས་འབྱུང་ཡུལ་ཁག་དང་པོའི་ཤར་རྒྱལ་མོ་རོང་གི་སྐོར་བྲོ་སྒྱུ་རྩལ་གྱི་ཕ་ས་རུ་བདམས་པ་རེད། འབར་ཁམས་གྱི་སྲོལ་རྒྱུན་རྒྱལ་རོང་སྐོར་བྲོ་དང་བོད་ཀྱི་ཞབས་བྲོ། འབའ་གཞས་དང་མཉམ་དུ་རང་རྒྱལ་གྱི་བོད་རིགས་ས་ཁུལ་གྱི་ཞབས་བྲོ་ཆེན་པོ་གསུམ་དུ་གྲགས། ད་དུང་རྔ་བ་ཁུལ་མི་དམམས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཁག་གཉིས་པའི་རྔ་བ་ཁུལ་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤེས་བྱའི་དམངས་སྲོལ་ཚན་པ་རུ་བཀོད་པ་ཡོད།

རྒྱལ་རོང་།  ཨ་ལ་ཆང་གསོལ་གྱི་གསར་རྩོམ་གླུ་དབྱངས་དུས་སྟོན།

གཟུགས་བརྙན།

༢༠༡༩ལོའི་ཤར་རྒྱལ་མོ་ཚ་བ་རོང་གི་ཨ་ལ་ཆང་གསོལ་ཞེས་པའི་གསར་རྩོམ་རོལ་དབྱངས་དུས་སྟོན་སྐབས་གཉིས་པ། རོལ་དབྱངས་དང་རིག་གནས་གསར་གཏོད་ཀྱི་རྣམ་པ་གསར་པ་བཏོད་དེ་ཨ་ལ་ཆང་གསོལ་ཀྱི་ཚང་རྟགས་ཀྱི་སྙན་གྲགས་ཇེ་ཆེ་རུ་གཏོང་། གླུ་ལེན་འདུ་ཚོགས་ཀྱིས་བོད་རིགས་ས་ཁུལ་གྱི་ཕུལ་བྱུང་གླུ་དབྱངས། རྒྱལ་རོང་རང་ཡུལ་གྱི་གླུ་གཞས། མི་རིགས་རོལ་དབྱངས་བཅས་བརྗོད་བྱ་གཙོ་བོར་བྱས། བོད་རིགས་ས་ཁུལ་ཀྱི་གླུ་པ་གླུ་མ་གྲགས་ཅན་གཡུང་དྲུང་རྒྱལ་དང་ཚེ་དབང་ལྷ་མོ། གངས་ལྷ་མེ་ཏོག་ཚན་སྡེ། བསྟན་འཛིན་ཉི་མ་སོགས་ཞུགས་རྒྱུ་ཡིན་པ་མ་ཟད་། ད་རུང་རྒྱལ་སྤྱི་སྐར་ཆེན་རྒྱལ་རོང་གྱོན་གོས་རྔམ་སྟོན་སོགས་ལེ་ཚན་ལྟད་མོ་ཆེ། ཟླ༨པའི་ཚེས་༡ཉིན་གྱི་དགོང་མོ་རིག་གནས་དམངས་ཕན་འཁྲབ་སྟོན་བྱ་རྒྱུ་དང་ཟླ༨པའི་ཚེས༢ཉིན་ཡོན་དགོས་འཁྲབ་སྟོན་བྱ་རྒྱུ་རེད།

༨པའི་ཚེས་༢ཉིན།   འཛིན་ཉོ་སྟངས།

འཛིན་ཉོ་བའི་ཁ་པར་དང་པོ།           ༡༥༢༨༩༡༩༩༩༩༩

འཛིན་ཉོ་བའི་ཁ་པར་གཉིས་པ།   ༡༨༣༢༨༦༦༥༡༢༣

༨པའི་ཚེས་༢ཉིན། འཛིན་གྱི་རིན་གོང་སྐོར།

ཀ  རིན་གོང་སྒོར།  ༡༢༠

ཁ  རིན་གོང་སྒོར།  ༨༠

ག  རིན་གོང་སྒོར།  ༥༠

སྲོལ་རྒྱུན་གྱི་སྐོར་བྲོ་འགྲན་བསྡུར།

རྒྱན་འཐེན་ནས་འགྲན་བསྡུར་གྱི་གོ་རིམ་གཏན་འཁེལ་བྱེད། འབར་ཁམས་ཀྱི་ཤང་དང་གྲོང་རྡལ༡༤ཡིས་སྐོར་བྲོ་རུ་ཁག་༡༤སྒྲིག་འཛུགས་བྱས་ནས་རང་ཉིད་ཀྱི་གྱོན་ཆས་སྤྲས་པ་དང་། སྲོལ་རྒྱུན་གྱི་གླུ་ཚིག་དང་། གཞས་གདངས། སྐོར་བྲོའི་འཁྲབ་སྟངས་སོགས་ཀྱི་ཐོག་ནས་འགྲན་བསྡུར་བྱེད། འཁྲབ་སྟོན་རུ་ཁག་རེར་མི་གྲངས༦༠ཙམ་ཡོད་པ་དང་རྒན་གཞོན་དར་གསུམ་འཛོམས། ནང་དོན་འབུལ་དུ་ཐོན།

གཟེངས་བསྟོད།  གཅེས་སུ་འོས་པའི་རྒྱལ་རོང་བ།

བྱེད་སྒོའི་ཐོག་གཅེས་སུ་འོས་པའི་རྒྱལ་རོང་བའི་རིགས་དྲུག་ལ་གཟེངས་བསྟོད་གནང་རྒྱུ་དང་།  རྒན་བཀུར་གཉེས་གཅེས་དང་། གཞན་ཕན་རོགས་རེས་དང་བདེན་པའི་རྒྱལ་ལངས། རང་ཚུགས་རང་བརྩོན། ལས་དགའ་ལས་བརྩོན། མཐུན་སྒྲིལ་ཡར་ཐོན་བཅས་རིགས་དྲུག་རེད།

འབར་ཁམས། པར་རིས་མིག་གི་དགའ་སྟོན།

འབར་ཁམས་ཀྱི་རང་བྱུང་དང་སྣོད་བཅུད། སྤྱི་ཚོགས་རིག་གནས་ཀྱི་ས་ཁམས། ཡུལ་སྲོལ་གོམས་གཤིས། དེ་བཞིན་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལོ་༧༠ཡི་སྤྱི་ཚོགས་འཕོ་འགྱུར་སོགས་སྐོར་གྱི་པར་ལེན་བརྩམས་ཆོས་འགྲེམ་སྟོན་བྱེད།

ཡང་ན།

དབྱར་གྱི་དུས་སྟོན་འདིར།

ཁྱེད་རང་གཅིག་པུར་ཡུལ་སྐོར་ཞིག་འགྲོ་བསམ་ན།

ཡང་ན།

ཁོམ་དལ་འཛོམས་པའི་ཉིན་མོར།

རང་གིས་གྲོགས་པོ་དང་འགྲོགས་ནས།

སྲིད་པ་ཆགས་པའི་སྒྲུང་གཏམ་གླེང་།

འདི་ན་ཕེབས་པར་དགའ་བསུ་ཞུ།

རྫོང་འགག་ཁོ་འཕན་སྲང་ལམ།

ཅོག་ཙེ་རྒྱལ་པོའི་་མཁར་རྫོང་།

ཆུ་ཕོའི་དཔྱིད་ཀྱི་དཔལ་ཡོན།

མཚམས་གནས་རི་བོའི་མཛེས་ལྗོངས།

ས་བསིལ་བོད་སྡེའི་སྡོད་ཁང་།

ད་ཚང་མཛེས་ལྗོངས།

སྲིད་པ་ཆགས་པའི་གནས་མཆོག་རྒྱལ་མོ་ཚ་བ་རོང་གི་འབར་ཁམས།

ངོ་མཚར་ལྟད་མོ་སྟོང་གིས་སྐུ་ཉིད་བསུ་མ་ཞུ།

པར་རིས་འབྱུང་ཁུངས།  འབར་ཁམས་ཁུལ་པར་ལེན་མཐུན་ཚོགས།  སི་ཁྲོན་ཞིང་ཆེན་མི་རིགས་པར་ལེན་མཐུན་ཚོགས།

གཙོ་སྐྱོང་། ཀྲུང་གུང་འབར་ཁམས་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ།

གཙོ་གཉེར། འབར་ཁམས་ཁུལ་གསར་འགྱུར་ལྟེ་གནས།

རྩོམ་སྒྲིག ཀྲོའུ་ཏེ་ལི།

རྩོམ་སྒྲིག་འགན་ཁུར་པ་། ཧྥང་ཁྲི།

ཡིག་བསྒྱུར། མགོན་དགའ།

ཞིབ་དག  དབང་འདུས།

  • 顶 0