སི་ཁྲོན་བོད་རིགས་ས་ཁུལ་གྱི་འབྲི་གཡག་གི་ཐོན་ལས་རིམ་འཕར་བྱུང་ནས་འབྲོག་པའི་ཡོང་འབབ་འཕར་སྣོན་བྱུང་བ།

2019-07-24
0

01.png

ཧུང་ཡོན་རྫོང་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་ཀྲོའུ་རུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཙམ་ཟིན་ཡོད། དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་འབྲོག་པའི་ཡོང་འབབ་གཙོ་བོ་ནི་འབྲི་གཡག་འཚོ་བ་དང་འོ་མ་ཕྱིར་ཚོང་ལ་བརྟེན་པས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་སྣ་གཅིག་ཡིན། ཉེ་བའི་ལོ་ཤས་རིང་ས་གནས་ཀྱིས“ཁེ་ལས་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་བྱ་ཐབས་ལ་བརྟེན་ནས་འབྲིའི་འོ་མའི་ཐོན་ལས་བརྒྱུད་འབྲོག་ལས་འཕེལ་རྒྱས་མྱུར་པོ་ཡོང་བར་སྣེ་ཁྲིད་བྱས་ཡོད། ས་གནས་ཀྱི་དཀར་ཆུ་ཐོན་ལས་ཁེ་ལས་ཀྱིས་འབྲོག་དུད་6000ལྷག་ཙམ་དང་གན་རྒྱ་བཞག་པ་དང་དུས་ མཚུངས་མི་500ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས་དུད་ཚང་དབུལ་པོ་350ལྷག་ཙམ་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད། འདི་ནི་དབྱར་དུས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་གི་ཁྱུང་མཆུ་གྲོང་རྡལ་ར་སྐོར་གྲོང་ཚོར་འབྲི་གཡག་ཁྱུ་གཅིག་ཅི་དགར་རོལ་བཞིན་པའི་ཚུལ་རེད།

  • 顶 0