སྐབས་གཉིས་པའི་བོད་ཤར་ལྷོའི་རྒྱུད་ས་ཁོངས་ཀྱི་ཡུལ་སྐོར་མཉམ་ལས་མནའ་འབྲེལ་འོས་སྦྱོར་ཚོགས་འདུ་བོད་ལྗོངས་ལྷོ་ཁ་ནས་སྤེལ།

2019-07-23
0

ཟླ7པའི་ཚེས21ཉིན་སྐབས་གཉིས་པའི་བོད་ཤར་ལྷོའི་རྒྱུད་ས་ཁོངས་ཀྱི་ཡུལ་སྐོར་མཉམ་ལས་མནའ་འབྲེལ་འོས་སྦྱོར་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ནས་སྤེལ་ཞིང་། བོད་ལྗོངས་ཕྱི་ནང་ནས་ཡོང་བའི་གསར་འགྱུར་སྨྱན་བྱད་དང་། ཡུལ་སྐོར་པ། ཡུལ་སྐོར་ཚོང་པ་བཅས་ལྷོ་ཁ་གྲོང་ཁྱེར་གྱི་ལྗོངས་ཁུལ་གྲགས་ཅན་དུ་སོང་ནས་ཡུལ་སྐོར་ལམ་ཐིག་སྟེང་སྐྱོད་པའི་བྱ་འགུལ་སྤེལ་བ་རེད།

1.jpg

འོས་སྦྱོར་བྱ་འགུལ་ཡུལ་དངོས།

ཤེས་རྟོགས་བྱུང་བ་གཞིགས་ན། ཐེངས་འདིའི་བྱ་འགུལ་ཟླ7པའི་ཚེས18ཉིན་ནས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནས་འགོ་ཚུགས་ཏེ་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་བརྒྱུད་དེ། མཐར་ཉིང་ཁྲི་གྲོང་ཁྱེར་དུ་ཕྱིར་ལོག་རྒྱུར་དང་། སྐུ་མགྲོན་རྣམས་ཀྱིས་གཟའ་འཁོར་གཅིག་གི་དུས་ཚོད་བེད་སྤྱད་དེ་གང་དགར་བོད་ཤར་ལྷོའི་རྒྱུད་དུ་ཡུལ་སྐོར་བྱེད་པ་དང་ཆབས་ཅིག་ཏུ་རང་གི་ལེགས་པའི་ཆ་སྤྱད་ནས་བོད་ཤར་ལྷོའི་ཡུལ་སྐོར་སྐོར་ལམ་འོས་སྦྱོར་དང་དྲིལ་བསྒྲགས་བྱེད་རྒྱུ་རེད།

2.jpg

ཡུལ་སྐོར་པས་ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོའི་ལྗོངས་ཁུལ་དུ་གཡག་ལ་ཞོན་བཞིན་པའི་ཚུལ།

འོས་སྦྱོར་ཚོགས་འདུ་ཁྲོད་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ལྷོ་ཁ་གྲོང་ཁྱེར་གྱིས་ལྷ་ཉིང་ལྩགས་ལམ། རྩེ་སྒང་རིམ་མཐོའི་གཞུང་ལམ་དངG560 ། G219མཐའ་མཚམས་ལམ་ཆེན་གྱི་ཡུལ་སྐོར་ལམ་ཐིག་སོགས་སྔ་རྗེས་སུ་ལག་བསྟར་བྱས་པའི་འགྲིམ་འགྲུལ་ལས་གཞི་གལ་ཆེན་བརྒྱུད་དེ། “བོད་ཀྱི་འབྱུང་རྩ་འཚོལ་བའི”ཡུལ་སྐོར་དང་། བོད་ཤར་ལྷོའི་རྒྱུད་ཡུལ་སྐོར་ལམ་ཐིག ཆེས་མཛེས་པའི་བོད་ལྷོ་རྒྱུད་ཀྱི་མཐའ་མཚམས་ལམ་ཐིག་བརྒལ་ནས་ཡུལ་སྐོར་བྱེད་པ། མཐའ་མཚམས་ཀྱི་སོས་དལ་ལུས་གསོ་ཡུལ་སྐོར་སོགས་ཀྱི་སྤུས་ལེགས་ལམ་ཐིག10བསྐྲུན་རྒྱུ་རེད་ཅེས་བཤད།

3.jpg

བོད་ལྗོངས་ལྷོ་ཁའི་ཡར་འབྲོག་གཡུ་མཚོའི་ལྗོངས་ཁུལ།

  • 顶 0