གཟི་བྱིན་ལྡན་པའི་ལོ་ངོ་བདུན་ཅུ། གྲོང་སྡེ་བདུན་ཅུའི་འཕོ་འགྱུར་མཐོང་ཐོས་ཞེས་པའི་གསར་འགྱུར་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དར་མདོ་གསེར་ལུང་གྲོང་ཚོ་ནས་སྤེལ།

2019-07-16
0

སྤྱི་ཟླ 7 པའི་ཚེས 16 ཉིན་ལ། ཁམས་པའི་བརྙན་འཕྲིན་ཁང་དང་དཀར་མཛེས་ཁུལ་བརྙན་འཕྲིན་ཁང་གིས་མཉམ་དུ་སྒྲུབ་པའི་གཟི་བྱིན་ལྡན་པའི་ལོ་ངོ་བདུན་ཅུ།གྲོང་སྡེ་བདུན་ཅུའི་འཕོ་འགྱུར་མཐོང་ཐོས་ཞེས་པའི་གསར་འགྱུར་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དར་མདོ་གྲོང་ཁྱེར་འཁོབ་ཡུལ་ཤང་གསེར་ལུང་གྲོང་ཚོ་ནས་སྤེལ།

现场1.jpg

现场 2.jpg

འགོ་ཚུགས་མཛད་སྒོའི་ཡུལ་དངོས།

གསེར་ལུང་གྲོང་ཚོ་ལ་མཚོན་ན 2016 ལོར་རྒྱལ་ཡོངས་ཁྱད་ལྡན་མི་རིགས་གྲོང་སྡེ་རུ་བདམས་ཐོན་བྱུང་ཡོད་ལ། ན་ནིང་། དར་མདོ་རྫོང་གི་རབས་དང་པོའི་ཤང་གྲོང་དར་སྤེལ་འཐབ་ཕྱོགས་ཀྱི་ཚོད་ལྟའི་རྟེན་གཞིར་བཀོད་པ་རེད། ཁྱིམ་ཚང 38 ལས་མེད་པའི་རི་སྐེད་ཀྱི་གྲོང་ཚོ་འདི་ཉེ་བའི་ལོ་འགའི་རིང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། དབུལ་གྲོལ་གྱི་རྣམ་པ་འདི་ལས་བོད་ཁུལ་གྱི་འཕོ་འགྱུར་མཚོན་ཐུབ་ཅེས་བཤད་ཆོག

色龙村.jpg

གསེར་ལུང་གྲོང་ཚོ།

བཅར་འདྲི་ཚོ་ཆུང་སྡེ་བ་འདི་ནས་འགོ་ཚུགས་ཏེ་བོད་ཁུལ་གྱི་གྲོང་ཚོ་བདུན་ཅུར་བསྐྱོད་ནས་ལོ་ངོ་བདུན་ཅུའི་རིང་གི་འཕོ་འགྱུར་ཟིན་བྲིས་སུ་འགོད་རྒྱུ་རེད།

ཐེངས་འདིའི་གསར་འགྱུར་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་གཟི་བྱིན་ལྡན་པའི་ལོ་ངོ་བདུན་ཅུ། གྲོང་སྡེ་བདུན་ཅུའི་འཕོ་འགྱུར་མཐོང་ཐོས་ཞེས་པ་ཡིན་ལ། ཁམས་པའི་བརྙན་འཕྲིན་ཁང་གིས་དཀར་མཛེས་ཁུལ་དང་རྔ་བ་ཁུལ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར། ཡུན་ནན་བདེ་ཆེན་ཁུལ། མཚོ་སྔོན་ཡུལ་ཤུལ་ཁུལ། ཀན་སུའུ་ཀན་ལྷོ་ཁུལ་སོགས་ཀྱི་དྲིལ་བསྒྲགས་པུའུ་དང་བརྙན་འཕྲིན་ཁང་དང་མཉམ་འབྲེལ་བྱས་ཏེ་བོད་ཁུལ་གྱི་ས་ཆ་སོ་སོའི་ཁྱད་ཆོས་ལྡན་ཞིང་། ངོ་མཚར་གཏམ་རྒྱུད་ཀྱིས་ཕྱུག་པའི་གྲོང་ཚོ་བདུན་ཅུར་བསྐྱོད་ནས་བོད་ཁུལ་གྱི་བླ་མེད་འཕོ་འགྱུར་ཟིན་བྲིས་སུ་བཏབ་ཏེ་དུས་རབས་གསར་པའི་བོད་རིགས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་སྒྲོག་རྒྱུ་རེད།

དྲིལ་བསྒྲགས་བརྙན་ཐུང་།

柳台.jpg

སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཏང་ཨུའི་ཨུ་ཡོན། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་ལིའུ་ཡའོ་ཧུའེ་ཡིས་གསུང་བཤད་གནང་བཞིན་པ།

སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཏང་ཨུའི་ཨུ་ཡོན།ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་ལིའུ་ཡའོ་ཧུའེ་ཡིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བཤད་རྒྱུར། ཁམས་པའི་བརྙན་འཕྲིན་ཁང་གིས་ནུབ་ཕྱོགས་ནས་རྐང་བཙུགས་ཏེ། བོད་ཁུལ་ལ་ཞབས་ཞུ་སྒྲུབ་ཞེས་པའི་སེམས་འདུན་བློ་ལ་བཅངས་ནས་དུས་གཏན་དུ་ལྗོངས་ཞིང་ལྔའི་བོད་ཁུལ་གྱི་མཐོ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྤྱི་ཚོགས་གླེང་ཕྱོགས་ལེགས་པོ་བསྐྲུན་བཞིན་ཡོད་ལ། ཐེངས་འདིའི་གསར་འགྱུར་བྱེད་སྒོ་བོད་ཁུལ་གྱི་གྲོང་ཚོ་བདུན་ཅུར་བསྐྱོད་རྒྱུ་ཡིན་ཞིང་། གསར་འགྱུར་བྱེད་སྒོ་འདི་དང་སྦྲགས་ནས་རྣམ་པ་མི་འདྲ་བ་དང་གཞི་བྱེད་མི་འདྲ་བ། མཐོང་ཟུར་མི་འདྲ་བའི་སྒོ་ནས་ནང་དོན་གཏིང་ཟབ་ལ་དོན་སྙིང་ལྡན་པའི་གསར་འགྱུར་སྒྲོག་གཏོང་བྱས་ཏེ། བོད་ཁུལ་གྱི་དབུལ་གྲོལ་འགོག་སྒྲོལ་དང་སྐྱེ་ཁམས་ཁོར་ཡུལ་འཛུགས་སྐྲུན། རིག་གནས་ཡུལ་སྐོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཕྱོགས་གང་ཐད་ཀྱི་གྲུབ་འབྲས་ཟིན་ཐོར་བཀོད་ནས་བོད་ཁུལ་འཕོ་འགྱུར་གྱི་ངོ་མཚར་གཏམ་རྒྱུད་གླེང་རྒྱུ་ཡིན་ལ། རྒྱལ་གཅེས་བློ་སེམས་གཅིག་ཏུ་སྒྲིལ་ཞིང་དུས་རབས་གསར་པར་བསྟོན་གླུ་བླངས་ནས་ཀྲུང་གོ་གསར་པ་དབུ་བསྙེས་ཏེ་ལོ་ངོ་བདུན་ཅུ་འཁོར་བར་ལེགས་སྐྱེས་དབུལ་རྒྱུ་ཡིན་ཟེར།

香洛.jpg

དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློས་གསུང་བཤད་གནང་བཞིན་པ།

འགོ་ཚུགས་མཛད་སྒོའི་ཁྲོད་ནས་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཏང་ཨུའི་ཨུ་ཡོན། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་ལིའུ་ཡའོ་ཧུའེ་དང་། དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། དཀར་མཛེས་ཁུལ་བརྙན་འཕྲིན་ཁང་གི་འགོ་འཛིན་ཝང་ཏན། ཁམས་པའི་བརྙན་འཕྲིན་ཁང་གི་ཏང་ཨུའི་ཨུ་ཡོན་ཡེ་ཤེས་ཕུན་ཚོགས་སོགས་ཐེངས་འདིའི་མཛད་སྒོར་ཞུགས་ཡོད་པར་མ་ཟད། གསར་འགྱུར་བྱེད་སྒོར་ཞུགས་པའི་བཅར་འདྲི་རུ་ཁག་ལ་དར་ཆ་གནང་།

记者1.jpg

记者2.jpg

མཉམ་འབྲེལ་བཅར་འདྲི་ཚོ་ཆུང་གི་གསར་འགོད་པའི་འཐུས་མི་དངོས་འགྲུབ་དབང་མོ་དང་དབྱང་ཁྲའོ་ཡིས་གཏམ་བཤད་བཞིན་པ།

授旗.jpg

གསར་འགྱུར་བྱེད་སྒོར་ཞུགས་པའི་བཅར་འདྲི་རུ་ཁག་ལ་དར་ཆ་གནང་བ།

合照.jpg

བྱེད་སྒོར་ཞུགས་པའི་སྐུ་མགྲོན་དང་གསར་འགོད་པ་རྣམས་ཀྱི་མཉམ་པར།

  • 顶 0