སྙན་ངག་འབྲི་རྒྱུར་དགའ་མཁན་ཚོ་ལ་གཏམ་བཟང་འདི་འཕྲོད་པར་གྱིས།

2019-07-05
0

2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་བགྲང་བྱ་70འཁོར་བའི་ལོ་ཡིན། འདས་པའི་ལོ་ངོ་བདུན་ཅུའི་མཚར་སྡུག་ནི་ལས་ལ་བརྩོན་ཞིང་མེས་རྒྱལ་ལ་གཅེས་པའི་ཀྲུང་གོ་བ་ཚོས་ཐུན་མོང་དུ་བཞེངས་བསྐྲུན་བྱས་པ་ཡིན། སྐལ་བཟང་དུས་རབས་འདིར་འཚོ་ཞིང་གནས་པའི་སྐུ་ཉིད་ལ་གླེང་མི་ཚར་བའི་ཚོར་འདུ་དྲག་པོ་ཞིག་ཡོད་དམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་མའི་ཚུལ་དུ། ཁམས་པའི་བརྙན་འཕྲིན་ཁང་གིས་2019ལོའི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས་ཀྱི་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་“ང་དང་ང་ཡི་མེས་རྒྱལ”ཞེས་པའི་རྒྱ་བོད་སྐད་གཉིས་ཀྱི་སྙན་རྩོམ་བསྡུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་པས།  རྒྱུན་པར་སྙན་ངག་དང་རྩོམ་འབྲིའི་ཕྱོགས་ལ་མོས་པ་ཡོད་མཁན་ཚོས་མེས་རྒྱལ་དང་མི་རིགས། ཕ་ཡུལ་དང་གཉེན་ཉེ་སོགས་ལ་བཅངས་པའི་བརྩེ་བ་རྣལ་མ་གླགས་འདི་དང་བསྟུན་ནས་སྙན་རྩོམ་གྱིས་ལྷུག་པོར་བརྗོད་ཆོག

གཅིག  རྩོམ་ཡིག་གི་བརྗོད་བྱ།

ང་དང་ང་ཡི་མེས་རྒྱལ།

གཉིས། རྩོམ་བསྡུའི་དུས་ཡུན་དང་ཞུགས་ཐབས།

སྐུ་ཉིད་ཀྱིས་2019ལོའི་ཟླ་6པའི་ཚེས་21ཉིན་ནས་2019ལོའི་ཟླ་8པའི་ཚེས་16ཉིན་གྱི་བར་དུ་རང་གི་རྩོམ་ཡིག་གི་Wordགློག་རྡུལ་ཡིག་ཆ་དེ་ཡིག་ཟམ་zwwll2018@163.comརུ་བསྐུར་དགོས།  ཡིག་ཟམ་གྱི་ཁ་བྱང་ལ་རང་ཉིད་ཀྱི་མིང་དང་“ང་དང་ང་ཡི་མེས་རྒྱལ”ཞེས་རྒྱ་ཡིག་གིས་གསལ་པོར་འབྲི་དགོས།

གསུམ། རྩོམ་ལུས།

རྩོམ་ལུས་ནི་རང་མོས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གང་རུང་ཡིན་ཆོག་ལ། ནང་དོན་ངེས་པར་དུ་རང་ཉིད་ཀྱིས་བྲིས་པ་ཤ་སྟག་ཡིན་དགོས། རྒྱ་བོད་ཡིག་གང་གི་ལམ་ནས་བྲི་ཆོག་ལ། ལོ་ཚོད་དང་ལས་རིགས་ཀྱི་དབྱེ་བ་མེད། རྩོམ་ཡིག་འབྲི་སྟངས་ཀྱི་ཆ་ནས་ཁ་བྱང་ལ་“ང་དང་ང་ཡི་མེས་རྒྱལ”དང་། དེ་ནས་རྩོམ་པ་པོའི་མིང་དང་ཁ་པར་། གློག་རྡུལ་ཡིག་ཟམ། རང་ཉིད་ཀྱི་འདྲ་པར་བཅས་འཇོག་དགོས་ལ། དེའི་རྗེས་སུ་རྩོམ་ཡིག་དངོས་འབྲི་དགོས། གཞན་པའི་བརྩམས་ཆོས་བཤུ་འབྲི་སོགས་བྱ་མི་ཆོག་ལ། ལོ་ཙྭ་བྱས་པ་ཡིན་ན་ངེས་པར་དུ་མ་ཡིག་གི་ཆ་འཕྲིན་གསལ་པོར་འགོད་དགོས།

བཞི། འགྲན་སྡུར་གྱི་སྒྲིག་སྲོལ།

ཐེངས་འདིའི་བྱེད་སྒོའི་གཙོ་སྒྲུབ་ལས་ཁུངས་ཀྱིས་ཟླ་8པའི་ཟླ་མཇུག་ཏུ་ཆེད་མཁས་མི་སྣ་རྩ་འཛུགས་བྱས་ཏེ་འགྲན་ཞུགས་སྙན་ངག་གི་བཟང་ངན་དབྱེ་རྒྱུ་ཡིན་ལ། འགྲན་སྡུར་གྱི་མཇུག་འབྲས་ཟླ་8པའི་ཚེས་23ཉིན་སྤྱི་བསྒྲགས་བྱ་རྒྱུ་རེད། ཨང་རིམ་དུ་ཚུད་པའི་བརྩམས་ཆོས་ཡག་ཤོས་དག་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྦྱོར་གསར་པའི་ལམ་ནས་གཏོང་རྒྱུ་ཡིན་ལ། 2019ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་ཀྱི་སྟོན་ཚོགས་ཀྱི་སྟེང་ནས་གྱེར་འདོན་བྱེད་པའི་གོ་སྐབས་ཀྱང་ཡོད།

ལྔ། བྱ་དགའི་རྣམ་གྲངས།

ཨང་དང་པོ་གཉིས།(རྒྱ་བོད་སྐད་གཉིས་རེ།) མི་རེ་ལ་བྱ་དགའ་སྒོར་5000(ཁྲལ་འདུ།)དང་བྱ་དགའི་དཔང་ཡིག་བཅས་ཡོད།

ཨང་གཉིས་པ་གཉིས།(རྒྱ་བོད་སྐད་གཉིས་རེ།) མི་རེ་ལ་བྱ་དགའ་སྒོར་3000(ཁྲལ་འདུ།)དང་བྱ་དགའི་དཔང་ཡིག་བཅས་ཡོད།

ཨང་གསུམ་པ་གཉིས།(རྒྱ་བོད་སྐད་གཉིས་རེ།) མི་རེ་ལ་བྱ་དགའ་སྒོར་2000(ཁྲལ་འདུ།)དང་བྱ་དགའི་དཔང་ཡིག་བཅས་ཡོད།

ཕུལ་བྱུང་བྱ་དགའ་འགའ་ཤས་ཡོད་ལ། དེ་དག་ལ་བྱང་དགའི་དཔང་ཡིག་མ་གཏོགས་སྒོར་མོ་མེད།

གོང་གི་ནང་དོན་སྐོར་གྱི་འགྲེལ་བཤད་དབང་ཆ་ཁམས་པའི་བརྙན་འཕྲིན་ཁང་ཁོ་ན་ལ་དབང་།

ཁམས་པའི་བརྙན་འཕྲིན།

2019ལོའི་ཟླ་6པའི་ཚེས་21ཉིན་ལ།

ད་ལོའི་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྟོན་ཚོགས་སུ་སྙན་རྩོམ་བསྡུ་བའི་བྱེད་སྒོ་ལས་གཞན་དྲ་ཐོག་ནས་སྙན་ངག་གི་རྒྱུན་ཤེས་སྐོར་གྱི་དྲི་བ་དྲིས་ལན་དང་རྒྱ་བོད་སྐད་གཉིས་སྙན་ངག་གྱེར་འདོན་བསྡུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན། བྱེད་སྒོར་ཞུགས་མཁན་དག་ལ་སྙན་ངག་སྟོན་ཚོགས་ཀྱི་འགྲན་སྡུར་ལ་ཞུགས་པའི་གོ་སྐབས་ཡོད་པས། སྙན་ངག་འབྲི་བ་དང་གྱེར་འདོན་ལ་མོས་མཁན་ཚོས་དེར་ཡིད་གཟབ་གནང་རོགས།

ཁྱེད་ཀྱིས་དུས་ལྟར་སྙན་ངག་སྟོན་ཚོགས་སྐོར་གྱི་འགྲན་བསྡུར་དང་འབྲེལ་ཡོད་གནས་ཚུལ་ཤེས་འདོད་ན་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་ཕབ་ལེན་བྱོས་དང་། ཁམས་པའི་བརྙན་འཕྲིན་ཁང་གི་2019ལོའི་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྟོན་ཚོགས་ཀྱི་ཆ་འཕྲིན་ཡོད་ཚད་དེ་རུ་གསལ་བོ་བཀོད་ཡོད།

རྩ་གཉིས་ཨང་གྲངས་བཤེར་འབེབས་བྱས་ནས་ཕབ་ལེན་བྱེད་རོགས།

  • 顶 0