ལྷ་ས་གྲོང་ཁྱེར་དུ་ཡུན་རིང་ལ་ཚ་བ་བྱུང་རྗེས་ཆར་བ་བབས།

2019-07-05
0

1.jpg

ཟླ7ཚེས3ཉིན་མི་རྣམས་ཆར་བའི་ཁྲོད་དུ་གཙུག་ལག་ཁང་ལ་ལྟ་སྐོར་དུ་འགྲོ་བཞིན་པའི་ཚུལ།

 ཟླ7པའི་ཚེས3ཉིན་ཆར་བ་ཞིག་བབས་རྗེས་ལྷ་སའི་དབྱར་ཁར་ཁ་དབུགས་བསིལ་མོ་བསྐྱལ་ཡོང་།  ད་ལོའི་ཟླ6པ་ནས་བཟུང་བོད་ལྗོངས་ས་ཆ་མང་པོར་རྒྱུན་མཐུད་རང་བཞིན་གྱི་ཚ་བ་དང་ཆར་ཆུ་ཉུང་བའི་གནམ་གཤིས་གནས་ཚུལ་བྱུང་བས་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་ཤིང་། ཟླ6པར་བོད་ལྗོངས་ཀྱི་ཟླ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི30.5ལས་མེད་པས་ལོ་ཧྲིལ་བའི་རྒྱུན་གྲངས་དང་བསྡུར་ན57%ཉུང་དུ་ཕྱིན་པ་དང་།  ཉེ་དུས་ཀྱི་གནམ་གཤིས་དུས་བབ་ལ་གཞིགས་ན། ཟླ7པའི་ཚེས3ནས4ཉིན་ཆར་བ་ཡོད་པས་བོད་ལྗོངས་གནམ་གཤིས་ལས་དོན་མི་སྣས་མི་ཐབས་ལ་བརྟེན་ནས་ཆར་བ་འབབ་པའི་ལས་དོན་སྤེལ་བ་དང་། ས་ཁོངས་ཀྱི་ཆར་ཆུ་འབབ་ཚད་ལ་མངོན་གསལ་གྱི་ཤུགས་རྐྱེན་ཐེབས་ནས་ལྷ་སའི་གནམ་དྭངས་བ་དང་ཆར་ཆུ་ཉུང་བའི་གནས་གཤིས་གནས་ཚུལ་ཇེ་ལེགས་སུ་སོང་བ་རེད།

2.jpg

ཆར་རྗེས་ཀྱི་ཕོ་བྲང་པོ་ཏ་ལའི་འདབས་ཀྱི་མེ་ཏོག་སྔར་ལས་བཀྲག་མདངས་འཚེར།

3.jpg

ཟླ7པའི་ཚེས3ཉིན་བར་སྐོར་ཁྲོམ་གཞུང་དུ་མི་རྣམས་ཆར་བའི་ནང་འཆམ་འཆམ་འགྲོ་བཞིན་པའི་ཚུལ།

4.jpg

ཟླ7པའི་ཚེས3ཉིན་སི་ཁྲོན་ཁྲོ་ཆུ་ནས་ཡོང་བའི་བདེ་སྐྱིད་ཚེ་རིང་དང་སྒྲོལ་མ་བཟའ་ཟླ་གཉིས་ཀྱིས་ཆར་རྗེས་སུ་པར་རྒྱག་བཞིན་པའི་ཚུལ།

  • 顶 0