ཏང་བཙུགས་ནས་ལོ་ངོ98ལོན་པར་རྟེན་འབྲེལ་ཞུ་བའི་གསར་བརྗེའི་བརྗོད་དོན་སློབ་གསོའི་འགྲེམས་སྟོན་ལྷ་སར་སྤེལ།

2019-07-03
0

138189729_15619845847771n.jpg

འདི་ནི་བོད་ལྗོངས་དམག་ཁུལ་གྱི་པུའུ་ག་གེ་མོའི་འགྲེལ་བཤད་པས་ཡུལ་དངོས་སུ་ལྟད་མོ་བར་འགྲེལ་བཤད་བྱེད་བཞིན་པའི་ཚུལ་རེད། 

 ཟླ7པའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ98ལོན་པར་བསུ་བ་ཞུ་ཆེད། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ”ཞེས་པའི་ཅིང་ཀང་ཧྲན་རི་བོའི་སྙིང་སྟོབས་ཀྱི་བརྗོད་དོན་སློབ་གསོའི་འགྲེམས་སྟོན་ལྷ་ས་གྲོང་ཁྱེར་ཧི་མ་ལ་ཡ་རིག་གནས་བརྗེ་རེས་ལྟེ་གནས་སུ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་བོད་ལྗོངས་ཧུང་ཅི་ཚོགས་པའི་ཏང་ཨུ་ཡིས་ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་ཡིན་ལ། ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་དང་ཡིག་ཚགས་འགྲེམས་སྟོན་བྱས་པ་བརྒྱུད་ཅིན་ཀང་ཧྲན་རི་བོའི་དུས་སྐབས་ཀྱི་གསར་བརྗེའི་ལོ་རྒྱུས་མངོན་པ་རེད། འགྲེམས་སྟོན་དེ་ཟླ་གཅིག་རིང་སྤེལ་རྒྱུ་རེད།

138189729_15619845848321n.jpg

འདི་ནི་བོད་ལྗོངས་དམག་ཁུལ་གྱི་པུའུ་ག་གེ་མོའི་འགྲེལ་བཤད་པས་ཡུལ་དངོས་སུ་ལྟད་མོ་བར་འགྲེལ་བཤད་བྱེད་བཞིན་པའི་ཚུལ་རེད།

138189729_15619845848681n.jpg

འདི་ནི་ལྷ་སའི་ཀུང་སི་ཞིག་གིས་ལས་མི་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ལ་ལྟ་བར་ཡོང་བའི་ཚུལ་རེད། 

138189729_15619845849041n.jpg

འདི་ནི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ”ཞེས་པའི་ཅིང་ཀང་ཧྲན་རི་བོའི་སྙིང་སྟོབས་ཀྱི་བརྗོད་དོན་སློབ་གསོའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།

138189729_15619845849431n.jpg

འདི་ནི་ལྟ་སྐོར་དུ་ཡོང་བའི་གྲོང་མི་འགྲེམས་སྟོན་ཡུལ་དངོས་སུ་འགྲོ་བའི་ཚུལ་རེད།

  • 顶 0