བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

2019-06-05
0

  གོམ་གང་མདུན་སྤོ་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཟབ་གཏོང་། ཏང་དང་རྒྱལ་ཁབ། ཕ་ཡུལ་བཅས་ལ་དགའ་དུང་མཚོན་པར། ཟླ༦པའི་ཚེས༡ཉིན་གྱི་སྔ་དྲོ།“ལྷད་མེད་བྱིས་བློས་བདེ་སྐྱིད་ཕུགས་འདུན་སྐྲུན། མཐུན་དང་བརྩོན་གྱིས་ཀྲུང་ཧྭ་དར་རྒྱས་གཏོང”ཞེས་གསེར་རྟ་རྫོང་གི༢༠༡༩ལོའི་སློབ་འབྲིང་དང་སློབ་ཆུང་སློབ་མའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བའི་གྲུབ་འབྲས་འགྲེམ་སྟོན་བྱེད་སྒོ་ནི་ཆ་ཚང་སློབ་གྲྭ་གཉིས་པ་ནས་སྤེལ། རྫོང་འཕྲིན་སྦྱོར་ལྟེ་གནས་ཀྱིས་དཀར་མཛེས་གློག་བརྙན་རྒྱང་སྒྲོག་ཁང་དང་མཉམ་འབྲེལ་བྱས་ནས་ཐེངས་འདིའི་བྱེད་སྒོ་ཐད་གཏོང་བྱས།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

 རྫོང་ཨུའི་ཧྲུའི་ཅི་གཞོན་པ། རྫོང་དཔོན་ཝང་ཏུང་ཧྲིན་གྱིས་རྫོང་གི་ལས་ཁུངས་ཆེ་བཞིའི་ཚབ་བྱས་ནས་བྱིས་པ་ཚོ་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། རྟག་པར་སློབ་གསོའི་ཐད་ལ་འབད་པ་བྱེད་བཞིན་པའི་དགེ་རྒན་དང་། བྱིས་པ་དང་ན་གཞོན་གྱི་བདེ་ཐང་འཚར་ལོངས་ལ་ཐུགས་ཁུར་གནང་བ། བྱིས་པ་དང་ན་གཞོན་ལས་རིགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་སོ་སོའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་ད་དུང་བཤད་རྒྱུ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་རྟག་པར་མི་རིགས་སློབ་གསོ་གོང་འཕེལ་དང་ན་གཞོན་བྱིས་པའི་ལས་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ།ཐོག་མཐའ་བར་གསུམ་དུ“སློབ་གསོ་དང་པོ་འཇོག་པ་དང་བྱིས་པ་དང་ཐོག་འཇོག”པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ནན་ཏན་སྒོས་བྱིས་པའི་གོང་འཕེལ་འཆར་གཞི་ལག་བསྟར་དང་། ཤུགས་ཆེན་སྒོས་སློབ་གསོའི་གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱས་ཡོད་པས། རྫོང་ཡོངས་ཀྱི་སློབ་འབྲིང་དང་དམའ་འབྲིང་བཅས་ཀྱི་སློབ་འཛུགས་ཆ་རྐྱེན་དང་རྒྱ་ཆེའི་ན་གཞོན་བྱིས་པ་ཚོས་འཚར་ལོངས་ཆ་རྐྱེན་སོགས་ལེགས་བཅོས་ཆེན་པོ་བྱུང་། ཁྱད་པར་དུ“སློབ་གྲྭ་གཅིག་ལ་བརྗོད་བྱ་གཅིག”ཞེས་པའི་སློབ་རའི་རིག་གནས་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་མོ་ཐོབ་ནས། རྫོང་ཡོངས་ཀྱི་ན་གཞོན་བྱིས་པ་ཚོ་བདེ་ཐང་དང་སྤྲོ་སྐྱིད་ངང་འཚར་ལོངས་བྱུང་བར་སྐུལ་འདེད་ཆེན་པོ་ཐོབ་ཟེར།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

  ཝང་ཏུང་ཧྲིན་གྱིས་བསྟན་དོན། ན་གཞོན་དང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་རེད། དབུལ་ཐར་འབྱོར་སྐྱོད་དང་ཡུན་རིང་བདེ་སྐྱོང་སྐུལ་འདེད་བྱས་པའི་གོ་རིམ་ཁྲོད། ན་གཞོན་དང་བྱིས་པའི་ལས་རིགས་གོང་འཕེལ་བཏང་ནས་མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་སྒྲུབ་པ་དང་། ན་གཞོན་དང་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་དང་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བར་སྐུལ་འདེད་བྱ་རྒྱུ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ལས་རིགས་རྗེས་འཛིན་པ་དང་འབྲེལ་ཡོད་པས།  རྫོང་ཡོངས་ཀྱི་ན་གཞོན་དང་བྱིས་པའི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ན་གཞོན་དང་བྱིས་པའི་ལས་རིགས་ལ་གྲུབ་འབྲས་མང་པོ་འཇོག་པ། ན་གཞོན་དང་བྱིས་པ་ཚོས་རང་ཉིད་ཀྱི་ཕུགས་འདུན་མངོན་པར་འབད་པ་ལྷོད་མེད་བྱ་དགོས་ཟེར།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

   ཤེས་གསལ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གུང་གསེར་རྟ་རྫོང་ཨུ་དང་གསེར་རྟ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། གསེར་རྟ་རྫོང་ཨུའི་དྲིལ་སྒྲོག་པུའུ།རྫོང་སློབ་གསོ་ཅུས་དང་ལུས་རྩལ་ཅུས། རྫོང་བཟོ་ལས་མཐུན་ཚོགས། རྫོང་ཡོངས་ཀྱི་སློབ་ཆུང་དང་སློབ་འབྲིང་། བྱིས་གསོ་ཁང་བཅས་ཀྱི་འགན་སྒྲུབ་བྱས་པ་ཡིན། ལེ་ཚན་ནི་འགོ་ཚུགས་འཁྲབ་སྟོན་དང་“ལྷད་མེད་བྱིས་སེམས་ཀྱིས་མཛེས་ལྡན་གསེར་རྟ་སྐྲུན། མཐུན་དང་འབད་པས་ཀྲུང་གོའི་ན་གཞོན་སྟོབས། མ་འོངས་ལས་ལ་བརྩོན་ནས་ཕུགས་འདུན་མངོན་པར་འབད”བཅས་བཞི་ཡོད། རྫོང་ཡོངས་ཀྱི་སློབ་འབྲིང་དང་སློབ་ཆུང་། བྱིས་གསོ་ཁང་བཅས་ཀྱི་བྱེད་སྒོའི་བརྗོད་བྱར་གཞིགས་ནས། ཞིབ་མོའི་བློ་ཡིས་ལས་ཚན༡༤གྲ་སྒྲིག་བྱས།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

  བྱེད་སྒོ་ནི“ང་དང་ངའི་མེས་རྒྱལ”ཞེས་པ་གླུ་བྲོ་ཁྲོད་ནས་འགོ་ཚུགས ཞབས་བྲོ“བདེ་སྐྱིད་ལྡན་པའི་ཁྱིམ་པ།”རྔ་རོལ“བསྐལ་བ་བཟང་པོའི་སྤྲོ་གླུ”སོགས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་བཟུང་། མི་རིགས་ཁག་གི་མཐུན་སྒྲིལ་འཆམ་མཐུན་དང་གསེར་རྟའི་བཀྲ་ཤིས་ཕུན་སུམ་ཚོགས་པའི་འཚོ་བའི་སྣང་ཚུལ་མངོན། འཁྲབ་སྟོན“རྒྱང་བསྐྱོད་ལམ་བུ་དང་དམག་དམངས་ཁྱིམ་ཚང་གཅིག”སོགས་ཀྱིས་སྔོན་གཤེགས་གསར་བརྗེ་དཔའ་བོ་རྣམས་ཀྱིས་ངལ་བ་དང་དུ་བླངས་པ་དང་དཀའ་བ་ཁྱད་དུ་སེལ་ནས་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བ་སྐྲུན་པའི་ལོ་རྒྱུས་བཤད་ནས། སློབ་མ་ཚོ་ལ་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་དང་ཁོ་ཚོ་ཡི་མིག་དཔེ་བྱས་ནས། གསེར་རྟའི་དུས་རབས་གསར་བའི་རྒྱུད་འཛིན་པ་དང་འཛུགས་སྐྲུན་པ་བྱེད་དགོས་པའི་སྐུལ་མ་གནང་།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

  ཡིད་དབང་འཕྲོད་པའི་ལྟད་མོ་རེ་རེའི་ཁྲོད། བྱིས་པ་ཚོའི་ཡིད་དུ་འོང་བའི་གར་སྟབས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཁྲབ་སྟོན། སྤྲོ་སྐྱིད་ལྡན་པའི་གླུ་དབྱངས་སོགས་ཀྱིས་ཏང་གི་དྲིན་ལན་དང་འཚོ་བའི་དགའ་ཞེན། ཕུགས་འདུན་གྱི་རེ་བཅོལ་སོགས་མཚོན་པ་དང་གསེར་རྟའི་ན་གཞོན་དང་བྱིས་པའི་བདེ་ཐང་ཡར་འགྲོའི་རྣམ་པའང་མངོན། དབྱངས་ཀྱི་མཚམས་ཚིགས་དང་སྙན་མོའི་གླུ་དབྱངས།ཐལ་མོའི་རྡེབ་སྒྲ་སོགས་ཀྱི་ཁྲོད་བྱེད་སྒོའི་ཡུལ་དངོས་ནི་དགའ་སྤྲོ་ཡི་ཁེངས་འདུག

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

  བྱེད་སྒོའི་ཁྲོད་མི་རིགས“མཐུན་སྒྲིལ་གྱི་ཕོ་ཉ་ཆུང་ཆུང་།”རྫོང་གི“གསུམ་བཟང་སློབ་མ།”རྫོང་གི“ཕུལ་བྱུང་སློབ་མའི་ལས་བྱེད་པ།”“ཕུལ་བྱུང་ན་གཞོན་གདོང་ལེན་རུ་ཁག”བཅས་ལ་གཟེངས་བསྟོད་གནང་། གསེར་རྟའི་སློབ་འབྲིང་དང་གསེར་རྟ་རྫོང་ཆ་ཚང་སློབ་ཆུང་གཉིས་པ། སྦོ་མདའ་གྲོང་རྡལ་གྱི་བཅའ་སྡོད་སློབ་ཆུང་བཅས་ན་གཞོན་ཀུན་སྤྱོད་སློབ་གསོའི་དཔེ་སྟོན་སློབ་གྲྭ་གསུམ་ལ་སྒོ་བྱང་གནང་། ཕུལ་བྱུང་ན་གཞོན་གདོང་ལེན་རུ་ཁག་ཚོགས་པ་གསུམ་ལ་དར་ཆ་གནང་།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།
བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

  བྱེད་སྒོའི་ཁྲོད་ད་དུང་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་བརྗོད་བྱ་བྱས་པའི་ཡིག་གཟུགས་དང་རི་མོ། ལག་བཟོ། ལག་བྲིས། པར་རིས་དང་ཚན་རྩལ་སོགས་ཀྱི་སྒྱུ་རྩལ་རྣམ་པའི་བརྩམས་ཆོས་འགྲེམ་སྟོན་སྤེལ། རྫོང་ཡོངས་ཀྱི་སློབ་ཆུང་དང་སློབ་འབྲིང་ཁྲོད་ནས་ཕུལ་བྱུང་བརྩམས་ཆོས༢༢༠བདམས་པ་དང་། གསེར་རྟའི་སློབ་གསོ་གྲུབ་འབྲས་གོང་འཕེལ་དང་རྫོང་ཡོངས་ཀྱི་ན་གཞོན་བྱིས་པའི་ཡར་ཐོན་བརྩོན་ལེན། སྙིང་རེས་ཆེ་ཞིང་སློབ་སྦྱོང་ལ་དགའ་བའི་བསམ་པའི་སྙིང་སྟོབས་མངོན།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

  རྫོང་གི་ལས་ཁང་ཆེ་བཞིའི་དབུ་ཁྲིད་དང་། ཡུལ་གྲོང་སོ་སོ།སྡེ་ཁག་སོ་སོ། ཞིང་ཆེན་དང་ཁུལ་གྱི་ཐད་གཏོགས་ཁེ་ལས་བྱ་བཞག་ལས་ཁུངས་ཀྱི་འགན་ཁུར་མི་སྣ། སློབ་མའི་ཁྱིམ་པ་དང་ན་གཞོན་བྱིས་པ་སོགས་མི༤༠༠༠ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།



  ཉིན་དེའི་ཕྱི་དྲོ། ན་གཞོན་དང་བྱིས་པའི་འཇོན་རྩལ་འགྲན་ཆེན་དུས་ལྟར་རྫོང་གི་ཆ་ཚང་སློབ་ཆུང་གཉིས་པ་ནས་སྤེལ། རྫོང་ཡོངས་ཀྱི་སློབ་འབྲིང་དང་སློབ་ཆུང་། བྱིས་གསོ་ཁང་སོགས་གྲ་སྒྲིག་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར་ཞུགས་ནས། གླུ་བྲོ་དང་རོལ་དབྱངས། སྐད་རིགས། འཁྲབ་སྟོན་སོགས་འཁྲབ་ཚན༢༩བདམས། སློབ་མ༢༠ཡུལ་དངོས་ཀྱི་རི་མོ་འགྲན་བསྡུར་དུ་ཞུགས། མཐའ མའི་འགྲན་རྩོད་ཁྲོད་ཨང་དང་པོ་དྲུག ཨང་གཉིས་པ༡༢། ཨང་གསུམ་པ༢༨བདམས་ཐོན་བྱུང་།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།

བྱིས་པའི་དུས་ཆེན་དང་རྒྱལ་ཁབ་གྲུབ་འབྲས་འགྲེམ་སྟོན་མཉམ་དུ་རོལ།


  • 顶 0