རྒྱལ་སྤྱིའི་བྱིས་པའི་དུས་ཆེན་བརྩེ་བས་བསུ།

2019-05-31
0

སློབ་གླིང་སྐྱེད་ཚལ་དོ་ར་རུ།།         འཕུར་ལྡིང་གཡོ་བའི་གར་སྟབས་ཅན།།

ལྔ་རིག་ཟིལ་མངར་ཅི་དགར་བཏུང་།།  སློབ་ཕྲུག་ར་ཡིག་གཉིས་པ་བཟང་།།

ཁྱེད་རྣམས་ཞི་འཇམ་ཁོར་ཡུག་ཏུ།།    གེགས་མེད་འཚར་ལང་རྒྱས་དང་ལྷན།།

ཀུན་སྤྱོད་ཡོན་ཏན་ཡར་ལྡན་དུ།།      འཕེལ་ཞིང་མཆིས་འདི་ངོ་མཚར་ཆེ།།

ཁྱེད་ནི་ཨ་མའི་རེ་བ་དང་།།           ཨ་ཕའི་ཕུགས་འདུན་བཅོལ་ས་ཡིན།།

རིགས་ཀྱི་བདག་པོ་ཁྱེད་ཡིན་ཏེ།།       སྲོལ་རྒྱུན་ཀུན་གྱི་བདག་པོའང་ཡིན།།

དེ་འདྲའི་བུ་དང་བུ་མོ་ཚོ།།            དེ་རིང་ཁྱེད་ཀྱི་དུས་ཆེན་ཡིན།།

བཀྲ་ཤིས་སྐྱེས་བཟང་ཁྱེད་ཚོར་འབུལ།།   ལུས་བདེ་སེམས་སྐྱིད་ཡོང་བར་ཤོག།

འཁྱུཊ་པའི་གར་སྟབས་ཁྱེད་ཚོས་སྒྱུར།།  སྙན་པའི་གླུ་དབྱངས་ཁྱེད་ཚོས་ལོངས།།

སྙན་ངག་གྱེར་འདོན་ཁྱེད་ཚོས་ཐོན།།     དེ་རིང་ཁྱེད་ཀྱི་ཉིན་མོ་ཡིན།།

མཛེས་པའི་གོས་གོན་དཀར་བྱེད་འབྱུག།   སྣ་ཚོགས་རྩེད་མོ་ཡང་ཡང་རོལ།།

སྤྲོ་དགའི་བྲེལ་སྟབས་ལང་ལྡན་པའི།།      ཁྱེད་ཚོར་དགའ་བ་ཚད་ལས་འདས།།

དེ་རིང་ཁྱེད་དང་མཉམ་དུ་རོལ།།         སེམས་ལ་སྡུག་བསྔལ་མེད་པར་ཤོག།

དེ་རིང་ཁྱེད་དང་མཉམ་དུ་རོལ།།          ཚེ་རིང་ནད་མེང་ཡོང་བར་སྨོན།།

                                       ༼ འཆི་མེད་མགོན་པོ་ནས། ༽

  • 顶 0