བོད་ལྗོངས་དམར་ཆུ་ཤང་དུ་མང་ཚོགས་ཀྱིས་གད་སྙིགས་འཐུ་བཞིན་འབྲི་ཆུའི་ཆུ་འགོར་སྲུང་སྐྱོབ་བྱས།

2019-05-31
0

138102253_15591833707761n.jpg

འདི་ནི་ཟླ5བའི་ཚེས28ཉིན་དམར་ཆུ་ཤང་གི་སྡེ་མིས་གད་སྙིགས་འཐུ་བཞིན་པའི་ཚུལ་རེད།

 འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད། བོད་ལྗོངས་ཨ་མདོ་རྫོང་དམར་ཆུ་ཤང་གིས་གཟའ་འཁོར་རེར་ཤང་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲི་ཆུའི་ཆུ་འགོར་སྲུང་སྐྱོབ་བྱེད་པའི་གད་སྙིགས་འཐུ་བའི་བྱ་འགུལ་རྩ་འཛུགས་བྱས་ཏེ། བྱ་འགུལ་ཁྲོད་སྡེ་བ་རེའི་ཏང་ཡོན་དང་བླངས་པས་སྣེ་འཁྲིད་དེ། སྐྱེ་ཁམས་སྐོར་སྲུང་བ་ངེས་པར་དུ་ཞུགས་དགོས་ཤིང་། མང་ཚོགས་རང་འདོད་ལྟར་ཞུགས་ཆོག་པ་ཡིན། ཁོར་སྲུང་བྱ་འགུལ་དེ2016ལོར་དངོས་སུ་སྤེལ་འགོ་བརྩམས་པ་ཡིན་ལ་ད་ལྟའི་བར་དུ་ལོ3ལ་རྒྱུན་འཁྱོངས་བྱས་ཡོད། 

138102253_15591833708071n.jpg

འདི་ནི་ཟླ5བའི་ཚེས28ཉིན། དམར་ཆུ་ཤང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་སྡེ་མི་རྣམས་ལ་ཚུར་བསྡུས་ཆོག་པའི་གད་སྙིགས་དང་ཚུར་བསྡུས་མི་ཆོག་པའི་གད་སྙིགས་ཀྱི་དབྱེ་བ་འབྱེད་བཞིན་པའི་ཚུལ་རེད།

  • 顶 0