དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་ལ་རྟེན་འབྲེལ་ཞུ།

2019-05-30
0

1742704_961935.png

 ཟླ5བའི་ཚེས24ཉིན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་དང་མཁར་བྱང་ཁུལ་སློབ་གསོ་ཅུའུ་བཅས་ཀྱིས་གཙོ་གཉེར་བྱས་པའི“ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་གསར་པའི་རུ་མི་ཡག་པོ་ཞིག་བྱེད་པར་བརྩོན་ལེན་བྱེད”ཅེས་པའི་མཁར་བྱང་ཁུལ་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རྔ་རྟགས་འགྲེམ་སྟོན་དང་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་གསར་བ་རུ་ཁག་ནང་ཞུགས་པའི་མཛད་སྒོ་པོ་ཡ་སློབ་ཆུང་དུ་བསྡུས་པ་རེད།

1742705_749691.png

ཟླ5བའི་ཚེས28ཉིན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིན་ཧེ་ལམ་སློབ་ཆུང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྐབས་བཅུ་གསུམ་པའི“སྐེ་རས་དམར་པོ—ལྗང་མདོག་གི་སྲུང་དམག་ཆུང་ངུའི”རྒྱང་སྐྱོད་བྱ་འགུལ་སྤེལ་བ་རེད།

1742706_151815.png

ཟླ5བའི་ཚེས28ཉིན་སེམས་ཀྱི་ཉི་ཟླའི་ཅི་ཏེ་པའོ་བུ་བཅོལ་ཁང་གིས་གཙོ་གཉེར་བྱས་པའི“ཕ་བུ་མཉམ་རོལ་བྱ་འགུལ”ཟི་ལིང་གྲོང་ཁྱེར་ནན་ཁྲོན་ནུབ་ལམ་སློབ་འབྲིང་དུ་གཉེར་བ་རེད། ཉིན་མོ་དེར་ཕྲུ་གུ་ཚོ་དང་ཁྱིམ་བདག་ཚོས་མཉམ་དུ་གླུ་ལེན་གར་འཁྲབ་བྱས་ནས་རང་ཉིད་ལ་དབང་བའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

  • 顶 0