གླུ་ལེན་ན་ལོ་སར་ཚེས་དུས་ལེན་གྱི་བྱ་དགའ་ཐོབ་མཁན་ལྷང་ལ་བུད་པ།

2018-12-14

   སྤྱི་ཟླ་12པའི་ཚེས་12ཉིན་གྱི་དགོང་མོའི་དུས་ཚོད་7:30སྟེང་། ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་རིགས་རླུང་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཤམ་བྷ་ལ་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་དང་ཁྲེང་ཏུའུ་ཧྥུའུ་ལེན་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲུབ་འགན་ཁུར་བའི《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ཀྱི་དམིགས་བསལ་ལེ་ཚན༼གླུ་ལེན་ན་ལོ་སར་ཚེས་དུས་ལེན༽ཞེས་པའི་ཕུལ་བྱུང་འགྲན་ཞུགས་པ་8ལས་3འདེམས་པའི་མཇུག་འགྲན་ཁྲེང་ཏུའུ་གྲོང་ཁྱེར་ནས་སྤེལ།

མདོ་འཛིན་པ་ཤེས་རབ་རྣམ་རྒྱལ་དང་ཅ་ཅིན་ཅིན། སྒྲོལ་དཀར་ལྷ་མོ། ལིན་ཧྥུང་།  

  འགྲན་སྡུར་རིམ་པ་གཉིས་སྤེལ་བ་བརྒྱུད་ནས་མཐར་རྒྱས་བཟང་ཕུན་ཚོགས་དར་རྒྱས་དང་ཞུས་ཅ། འཇིགས་མེད་ཆོས་སྐྱོང་བཅས་གསུམ་སོ་སོར་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཅས་ཐོབ་ལ། དེ་དག་ལོ་སར་དགོང་ཚོགས་ལ་ཞུགས་པའི་གོ་སྐབས་ཐོབ་ཡོད།  

རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ལྟད་མོ་བ་རྣམས་ཀྱིས་དྲ་ལམ་ནས་ཐད་གཏོང་ལ་བལྟས་ཤིང་།དྲ་ལམ་ཐད་གཏོང་ལ་མི་ཁྲི་200ལྷག་གིས་དོ་སྣང་མཛད་ཡོད།  

དཔྱད་འདེམས་དགེ་རྒན་རྣམ་པ།  

      

ང་ཚོས་མཉམ་དུ་འགྲན་སྡུར་གྱི་ཡུལ་དངོས་ཀྱི་རྣམ་པར་གཅིག་བལྟ།      

འཇིགས་མེད་ཆོས་སྐྱོང་།

ལྕགས་ཐར་འབུམ།

རྒྱས་བཟང་ཕུན་ཚོགས་དར་རྒྱས།

ཨ་མཆོག་རྟ་མགྲིན་ཚེ་རིང་།

གཡང་སྐྱིད་ཚེ་རིང་།

བཀྲ་ཤིས་དཔལ་ལྡན།

ཞུས་ཅ།

དོན་འགྲུབ་དབང་འདུས།

    མཇུག་མཐར་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལས་བཟོ་བ།སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན།ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་འགན་འཛིན་པ་ལིའུ་ཡའོ་ཧུའེ་དང་།སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཧོང་ཅིན་གྱིས་འགྲན་ཞུགས་པ་ཨང་དང་པོ་ནས་གསུམ་པར་ཁམས་པའི་བརྙན་འཕྲིན་ཁང་གི་2019ལོའི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་པའི་རྟགས་བྱང་གནང་ཞིང་། དཔྱད་འདེམས་དགེ་རྒན་རྣམ་པས་འགྲན་ཞུགས་པ་སོ་སོར་བྱ་དགའི་དཔང་ཡིག་གནང་པ་རེད།

དགའ་རྟགས་གནང་བཞིན་པ།

<