ཐད་གཏོང་། བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་།

2018-11-11

  གཤམ་གྱི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱེད་པའམ་སྦྲེལ་ཐག་མནན་ན་

  http://mudu.tv/watch/2545958 

  བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་

  《ཨ་ཆུང་བཟོ་རིག་གཅེས་བཏུས》དཔེ་དེབ་

  འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ་དེ་ཚེས་༡༡ཉིན་གྱི་སྔ་དྲོའི་དུས་ཚོད་༩:༠༠སྟེང་ཤམ་བྷ་ལ་ཐད་གཏོང་སྟེགས་བུ་ནས་ཁྱེད་དང་མཇལ་ཡོང་།

  སྤྱི་ལོ་2018ལོའི་ཟླ་11པའི་ཚེས་11ཉིན།སི་ཁྲོན་ཞིང་ཆེན་བཟོ་རིག་མཛེས་རྩལ་ལས་རིགས་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་།སི་ཁྲོན་ཁམས་པ་ཏྲ་བཟོ་རིག་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་གནང་བའི་བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་«ཨ་ཆུང་བཟོ་རིག་གཅེས་བཏུས»«ཨ་ཆུང་ཞལ་འབག་བཟོ་རྩལ»དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སེམས་ཀྱི་ཉི་ཟླ་གསོལ་མགྲོན་ཁང་དུ་འཚོགས་རྒྱུ་ཡིན་ལ།རིག་གཞུང་བགྲོ་གླེང་དུ་འབྲེལ་ཡོད་དབུ་ཁྲིད་དང་བོད་རྒྱའི་འབུར་གཟུགས་རིག་པའི་ཆེད་མཁས་པ་དང་། བོད་ཀྱི་བླ་སྤྲུལ་དགེ་བཤེས་མཁན་པོ།   སློབ་ཆེན་གྱི་དགེ་རྒན།  འབུམ་རམས་པ་སོགས་གདན་ཞུས་གནང་སྟེ་བོད་ཀྱི་འབུར་གཟུགས་རིག་གནས་སྐོར་གྱི་བགྲོ་གླེང་དང་སློབ་སྟོན་གནང་རྒྱུ་ཡིན། གཞན་བོད་མདོ་དབུས་ཁམས་རྒྱལ་རོང་སྐད་དང་རྒྱ་སྐད། དབྱིན་སྐད་བཅས་ཀྱིས་མདོ་འཛིན་བྱེད་ལ། ད་དུང་བོད་ཀྱི་གླུ་བ་གྲགས་ཅན་སྐོར་ཅིག་གདན་འདྲེན་བྱས་ཡོད་པས། བོད་ཀྱི་འབུར་གཟུགས་རིག་གནས་ལ་མོས་འདུན་ཡོད་པའི་མཁྱེན་ལྡན་དག་གིས་དོ་སྣང་དང་རྒྱབ་སྐྱོར་ཐུགས་ཁུར་གནང་བར་ཞུ།

   བོད་ཀྱི་ཡིག་གཟུགས་བྲིས་མཁན་དག་གིས་བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་«ཨ་ཆུང་བཟོ་རིག་གཅེས་བཏུས»«ཨ་ཆུང་ཞལ་འབག་བཟོ་རྩལ»དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ་ལ་ཆེད་དུ་བྲིས་པའི་ཡི་གཟུགས།

  ཟླ་འདིའི་ཚེས་པ་༡༡ཉིན་གྱི་སྔ་དྲོའི་དུས་ཚོད་༩སྟེང་། 

  བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་ 

  《ཨ་ཆུང་བཟོ་རིག་གཅེས་བཏུས》དཔེ་དེབ་ 

  འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ། 

  ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས་བརྒྱུད་དེ 

  ཡུལ་དངོས་ཐད་གཏོང་བྱེད་རྒྱུ་ཡིན་པས། 

  རྣམ་པ་ཚོས་དུས་ལྟར་གཟིགས་པར་དགའ་བསུ་ཞུ། 

  དེ་དུས་མཁས་པའི་ཁྱུ་མཆོག་དུ་མ་དང་གླུ་པ་གླུ་མ་གྲགས་ཅན་གདན་འདྲེན་ཞུས་ཡོད་པས། 

  སྒྱ་རྩལ་གྱི་སྟོན་མོ་གྱ་ནོམ་པ་ཞིག་བཤམས་རྒྱུ་གདོན་མི་ཟ། 

  གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་ 

  ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་གཟིགས་ཐུབ། 

<