ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན་༽ཞེས་པའི་འགྲན་སྡུར་མིང་ཐོ་འགོད་པ་འགོ་བརྩམ།

2018-10-31

  ལོ་རེ་རེའི་བོད་ཀྱི་ལོ་གསར་ཚེས་གཅིག་ཅི་ལྟར་རོལ་བཞིན་ཡོད། 

  ཁྱེད་ཀྱིས་རོལ་བཅུད་ལྡན་པའི་བོད་ཟས་ལོངས་སུ་སྤྱོད་བཞིན། 

  དགའ་བའི་བྲོ་དང་སྐྱིད་པའི་གར་ལ་རོལ་བཞིན་ཡོད་དམ།

  ནང་མི་དང་ལྷན་དུ་བརྙན་འཕྲིན་མདུན་ནས་བོད་ཀྱི་ལོ་གསར་དགོང་ཚོགས་ལ་ལྟ་དུས། 

  ཁྱེད་རང་ཡང་ལོ་གསར་དགོང་ཚོགས་ཀྱི་གར་་སྟེགས་སྟེང་གི་གླུ་པ་ཞིག་ཏུ་གྱུར་ན་བསམ་ཨེ་མྱོང་།

高清大版

ཕུགས་བསམ་ལ་གཤོག་པ་འདི་ནས་ཐོགས་པས། ཁྱེད་རང་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་སྐར་ཆེན་དུ་འགྱུར་བར་ང་ཚོས་གདན་འདྲེན་ཞུ། 

img_5961_ABC看图

༢༠༡༧ལོའི་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན༽ཞེས་པའི་ཨང་དང་པོ་ཐོབ་མཁན་བསོད་ནམས་ཚེ་རིང་གིས་ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་སྟེང་ནས་སྤྲིན་ནང་གི་སོ་ལྟ་ཁང་ཞེས་པའི་གླུ་གཞས་གཏོང་བའི་རྣམ་པ། 

  ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་ཀྱི་ཆེད་སྒྲིག་ལེ་ཚན་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན༽ཞེས་པ་ནི་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཡོངས་དང་ལྷག་པར་གཞོན་སྐྱེས་དག་ལ་རང་ཉིད་ཀྱི་གླུ་སྐད་ངོམ་ས་དང་། དམངས་ཁྲོད་རོལ་དབྱངས་དང་སྒྱུ་རྩལ་ལ་ཁ་ཕྱོགས་པའི་གར་སྟེགས་ཤིག་ཡིན། ང་ཚོས་དྲ་ཐོག་ནས་ཕུལ་བྱུང་འགྲན་ཞུགས་པ་འདེམས་ཤོག་འཕེན་པ་དང་ཀྲུང་གོ་བོད་གླུའི་པང་གི་གསར་སྐྱེས་གླུ་པ། དེ་མིན་༢༠༡༨ལོར་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགསཀྱི་ཕུལ་བྱུང་ཞེན་མི་གསུམ་གྱི་རྣམ་པ་བརྒྱུད་དེ་གསར་དུ་བྱུང་བའི་གླུ་སྐད་ཡག་ཤོས་༣༠ ཁྲེང་ཏུའུ་རུ་འཛོམས་ནས་འགྲན་སྡུར་སྤེལ་རྒྱུ་ཡིན་ལ། ཨང་དང་པོ་ནས་ཨང་གསུམ་པའི་བར་དུ་ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༩ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་སུ་ཞུགས་པའི་གོ་སྐབས་ཡོད།  

0x2a0364_ABC看图

༢༠༡༧ལོའི་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན༽ཞེས་པའི་འགྲན་སྡུར་གྱི་ཨང་གཉིས་པ་དང་གསུམ་པ་ཐོབ་མཁན་ཚངས་དབྱངས་ཁང་ཆུང་དང་ཨ་སི་མན། ཐང་ཚ་ཚེ་དབང་ལྷ་མཚོ་བཅས་ཀྱིས་ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱི་གར་སྟེགས་སྟེང་ནས་དར་མདོའི་མཛའ་གཞསདང་སྒྲོལ་མབླངས་པའི་རྣམ་པ། 

  ཁྱེད་རང་གླུ་ལེན་རྒྱུར་དགའ་མཁན་ཞིག་ཡིན་ན། ང་ཚོས་ཁྱེད་ལ་གོ་སྐབས་སྤྲོད།  

  ཕེབས་དང་། ཡིད་འོང་གི་གར་སྟེགས་རྔམ་ཤིག་ཤིག 

  ཕེབས་དང་། མཛེས་སྡུག་གི་གློག་འོད་ཁྲ་ལམ་ལམ། 

  ཕེབས་དང་། མི་ཚོགས་ཀྱི་འུར་སྒྲ་ལྷང་ལྷང་ལྷང་། 

  ཕེབས་དང་། ཁྱེད་ཀྱི་གླུ་སྐད་ཀྱིས་གར་སྟེགས་ལ་ཁ་ལོ་བསྒྱུར་ཤིག 

  ཟླ་༡༡པའི་ཚེས་༥ཉིན་ནས་བཟུང་། ༢༠༡༨ལོའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་ཀྱི་ཆེད་སྒྲིག་ལེ་ཚན་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན༽ཞེས་པའི་དྲ་ཐོག་མིང་ཐོ་འགོད་རྒྱུ་རེད། 

  མིང་ཐོ་འགོད་པའི་བགྲོད་ལམ།http://2019zw.kangbatv.com 

1540961497

ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ནས་བྱེད་སྒོར་ཞུགས་དང་།

<