ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་ཀྱི་གླུ་ཚོགས།

2018-10-08

ལྷན་རྒྱས་སྐུ་ཁམས་བཟང་། 

  རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་མཇུག་རྫོགས་པའི་ཉིན་དང་པོ་སྟེ། སྤྱི་ཟླ་༡༠པའི་ཚེས་༨ཉིན་གྱི་དགོང་མོའི་དུས་ཚོད་༧གྱི་སྟེང་ནས། ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགསལས་ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་ཀྱི་ཆེད་ཚོགས་དེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧུའུ་ཁུལ་ཞི་དོན་རྒྱལ་སྤྱིའི་ཐོག་ཁང་Cཡི་བཞི་ཐོག་ནས་སྤེལ་རྒྱུ་རེད། 

  ཐེངས་འདིའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགསལས་ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་ཀྱི་ཆེད་ཚོགས་དེ་ཁམས་པའི་བརྙན་འཕྲིན་དྲ་བ་དང་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ། ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་སྟེགས་བུ་སོགས་ཡུལ་དངོས་དྲ་ལམ་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ། གལ་ཏེ་ཁྱེད་ལ་སྐུ་མགྲོན་དག་དང་བཤད་འདོད་པའི་སྐད་ཆ་དང་འདྲི་འདོད་པའི་དྲི་བ་ཡོད་ན། དཔྱད་གླེང་སྤེལ་ས་ནས་བསྐུར་ཏེ། སྐུ་མགྲོན་དང་སྤེལ་རེས་བྱེད་པའི་གོ་སྐབས་ཡོད་པས་ཉིད་ཀྱིས་དམ་འཛིན་བྱོས་ཨ།

  ཡུལ་དངོས་ནས་ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་གཉིས་ཀྱིས་ཁོ་ཚོའི་རོལ་དབྱངས་དང་ཟློས་པའི་ངོ་མཚར་གཏམ་རྒྱུད་བཤད་པ་བརྒྱུད་ནས་མོས་པ་ཡོད་མཁན་ཚོར་སྔར་ལས་ལྷག་པའི་སྒོ་ནས་ཁོ་གཉིས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཡོད། 

  ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་གཉིས་ཀྱིས་ངེད་ཅག་ལ་རྩམ་དྲི་དང་མར་དྲི་མ་ཡལ་བའི་བོད་གླུ་མང་པོ་ཞིག་རྣ་བའི་བཅུད་ལ་བཤམ་རྒྱུ་རེད།

    ངེད་ཅག་གིས་ཞེན་མི་གསུམ་ཡུལ་དངོས་སུ་བོས་ཏེ། ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་དང་མཉམ་དུ་གར་སྟེགས་ནས་སྤེལ་རེས་བྱེད་པ་དང་། དྲ་ཐོག་ཞེན་མི་ཚོ་ཡང་ངེད་ཅག་གི་ཞེན་མི་བསྡུ་བའི་བརྡ་སྦྱོར་ལྟར་ཡུལ་དངོས་སུ་ཕེབས་ནས་ལྟད་མོར་བལྟས་ཆོག གལ་ཏེ་ཁྱེད་ཉིད་ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་གཉིས་ཀྱི་ཞེན་མི་ཡིན་ན། གལ་ཏེ་ཁྱེད་ཀྱི་གླུ་ལ་ཉན་ནས་ཁ་ཞེ་མཐུན་པའི་གྲོགས་པོ་འཚོལ་བསམ་ན། ངེད་ཅག་གི་ཞེན་མི་བསྡུ་བའི་སྒྲིག་ལམ་ལ་གཟིགས་རོགས། 

གསལ་བརྡ། 

    བྱེད་སྒོའི་དུས་ཚོད། ༢༠༡༨ལོའི་ཟླ་༡༠པའི་ཚེས་༨ཉིན་གྱི་དགོང་མོའི་དུས་ཚོད་༧༠༠---༠༨༡༠ 

  ཐད་གཏོང་དུས་ཚོད། ༢༠༡༨ལོའི་ཟླ་༡༠པའི་ཚེས་༨ཉིན་གྱི་དགོང་མོའི་དུས་ཚོད་༧༠༠---༠༨༡༠ 

  ཐད་གཏོང་དྲ་ཚིགས། 

  https://file205966caaa75.aiwall.com/v3/idea/HamQDkJe 

  བྱེད་སྒོའི་ས་གནས། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཁུལ་ཐེན་ཧྥུའུ་ལམ་ཆེན་དཀྱིལ་ཁུལ་ཨང་རྟགས་༦༦༦ཞི་ཏོན་ཐོག་ཁང་cཁུལ་བརྩེགས་༤པ། ས་འོག་ལྕགས་ལམ་ལམ་ཐིག་དང་པོའི་ཐེན་ཧྥུའུ་སྲང་ལམ་གསུམ་པའི་Aསྒོ། 

ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས།ལས་ཚངས་དབྱངས་སྒྲོལ་མ་དང་བཀྲ་ཤིས་དོན་གྲུབ་ཀྱི་ཆེད་ཚོགས་ཀྱི་ཞེན་མི་བསྡུ་བཞིན་ཡོད་ལ།  ཁྱེད་ཀྱིས་སྦྲེལ་ཐག་འདི་བརྒྱུད་སྐུར་བྱས་ནས་སེམས་རྟགས་༣༠ལོན་སོང་ན། པར་དུ་བཏབ་ནས་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་དེ་ངེད་ཅག་ལ་སྐུར་དང་།ལས་སྒྲུབ་མི་སྣས་ཁྱེད་ལ་འབྲེལ་བ་བྱས་འོང་།     
<