རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས་སོ་བཞི་བ་དང་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་བསྡུར་ཚོགས་འདུ་སྐབས་བཅུ་དགུ་པ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་བསྡུས།

2018-09-27

  ཟླ ༩ བའི་ཚེས ༢༧ ཉིན།  རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས་སོ་བཞི་བ་དང་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་བསྡུར་ཚོགས་འདུ་སྐབས་བཅུ་དགུ་པ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་བསྡུས་ཤིང་།  འབྲེལ་ཡོད་མགོ་ཁྲིད་དང་སྨྱན་བྱད་སྡེ་ཁག27ནས་ཡོང་བའི་འཐུས་ཚབ་མི་སྣ་དྲུག་ཅུ་ལྷག་ཚོགས་འདུར་ཞུགས།

  ཐེངས་འདིའི་ཚོགས་འདུ་ནི ༢༠༡༧ ལོའི་ལེ་ཚན་དཔྱད་སྡུར་ཚོགས་འདུའི་དགོངས་དོན་ལྟར་ཀྲུང་གོ་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་བའི་ཨུ་ཡོན་ལྷན་ཁང་སྐབས་བཞི་བའི་ལས་འཛིན་ཚོགས་པས་ཆོག་མཆན་ཐོབ་པ་ལྟར།  ཀྲུང་གོ་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་བའི་ཨུ་ཡོན་ལྷན་ཁང་སྐབས་བཞི་པའི་ལས་འཛིན་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ཁང་གཉིས་ཀྱིས་འགན་སྒྲུབ་གནང་བའི་ཚོགས་འདུ་ཞིག་ཡིན།

  ཐེངས་འདིའི་ཚོགས་འདུ་ནི ༢༠༡༧ ལོའི་རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་སྒྲིག་གཞི་ལྟར།  ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་དང་ས་གནས་སྲིད་གཞུང་གི་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། བོད་སྐད་སྨྱན་བྱད་ལས་ཁུངས་སོ་སོས་གསར་རྩོམ་དང་རྩོམ་སྒྲིག་ཆུ་ཚད་དང་སྒྱུར་སྐྲུན་ནུས་པ།  ཕྱོགས་བསྡུས་སྤུས་ཚད་སོགས་མཚོན་ཐུབ་པར་མ་ཟད།  སྨྱན་བྱད་འདྲེས་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་པ་ཐོན་པའི་ཚབ་མཚོན་ཅན་གྱི་བརྩམས་ཆོས་འགྲན་སྡུར་ཞིག་ཡིན་ལ།     ཐེངས་འདིར་བསྡོམས་པས་བརྩམས་ཆོས ༤༠༠ ཙམ་འབྱོར་བའི་ཁྲོད། ཟབ་ཚད་དང་གཏིང་ཚད་མངའ་བའི་དཔེ་མཚོན་ཅན་གྱི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བརྩམས་ཆོས་དང་།  གྲངས་ཉུང་མི་རིགས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་དང་སྨྱན་བྱད་གསར་བར་སྐུལ་འདེད་ནུས་པ་ཐོན་ཐུབ་པའི་བརྩམས་ཆོས་གདམས་ནས་བྱ་དགའ་གནང་རྒྱུ་རེད།

  དཔྱད་སྡུར་བྱ་བའི་ཁྲོད་ནས་གསར་འགྱུར་བརྩམས་ཆོས་དང་།  རིག་རྩལ་བརྩམས་ཆོས།  དཔྱད་རྩོམ་སོགས་ལ་ནན་དཔྱད་བྱས་ནས།བརྩམས་ཆོས་ལེགས་པོ་ཐོན་པར་བཅུག་ཏེ།རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དང་སྨྱན་བྱད་གསར་བས་དུས་ལྟར་ཏང་གི་སྲིད་ཇུས་ལམ་ཕྱོགས་བརྒྱུད་སྒྲོག་དང་།  གཞི་རིམ་མང་ཚོགས་ལ་ཁ་གཏད་ནས་ཚན་རིག་ཤེས་བྱ་བརྒྱུད་སྒྲོག   དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་དང་སྨྱན་བྱད་གསར་བར་བཏོན་པའི་འགན་ཁུར་ཡོངས་འགྲུབ་བྱ་བར་ཡར་སྐུལ་ནུས་པ་ཐོན་ངེས།

    ཐེངས་འདིའི་བྱ་འགུལ་བརྒྱུད།  སྨྱན་བྱད་སྡེ་ཁག་སོ་སོའི་དབར་ཕན་ཚུན་ལས་གཞི་མཉམ་ལས་དང་།  འབྲེལ་འདྲིས།  མཐུན་སྦྱོར།  སློབ་སྦྱོང་སོགས་ལ་སྐུལ་འདེད་གཏོང་ངེས་པར་མ་ཟད།  དེ་དང་མཉམ་དུ།  རྣམ་པ་མི་འདྲ་བའི་གཞན་ཡུལ་བཅར་འདྲི་སོགས་ལེགས་ཆ་ལྷུར་ལེན་བྱས་ནས།  མཉམ་འབྲེལ་སྒོས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དང་སྨྱན་བྱད་གསར་བའི་ལེ་ཚན་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་འདིང་ངེས།

  ཀྲུང་གོ་རྒྱང་སྒྲོག་གློག་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པའམ་བོད་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་འགྱུར་མེད་རྡོ་རྗེ་ཡིས་གཏམ་བཤད་གནང་བཞིན་པ།

  ཚོགས་འདུའི་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད།

  ཚོགས་འདུར་ཞུགས་པའི་འབྲེལ་ཡོད་སྨྱན་བྱད་ལས་ཁུངས་ཀྱི་འགོ་ཁྲིད།

  ཀྲུང་གོ་རྒྱང་སྒྲོག་གློག་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་བའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གཞོན་པའམ་མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུའུ་ཡི་དྲིལ་སྒྲོག་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཞེ་ལོན་གྱིས་གཏམ་བཤད་གནང་བཞིན་པ།

  ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་ལྗོངས་མི་རིགས་སྐད་ཡིག་རྒྱང་སྒྲོག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་མགོན་པོ་གཡུལ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

<