མཛོད་གཡང་ཕྱུག་མོའི་སྤྲོ་འཛོམས་ཞེས་པ་མཛོད་དགེ་ནས་སྤེལ་རྒྱུ་ཡིན།

2018-06-28

སི་ཁྲོན་བོད་སྐད་རླུང་བརྙན་འཕྲིན་ཉན་མཁན་དང་མཇལ་བའི་སྤྱི་ཕན་བྱེད་སྒོ་མཛོད་གཡང་ཕྱུག་མོའི་སྤྲོ་འཛོམས་ཞེས་པ་མཛོད་དགེ་རྫོང་ནས་སྤེལ་རྒྱུ་ཡིན།

   སྤྱི་ལོ་2018ལོའི་སི་ཁྲོན་བོད་སྐད་རླུང་བརྙན་འཕྲིན་ཉན་མཁན་དང་མཇལ་བའི་སྤྱི་ཕན་བྱེད་སྒོ་སྟེ་མཛོད་གཡང་ཕྱུག་མོའི་སྤྲོ་འཛོམས་ཞེས་པའི་རིག་རྩལ་སྤྲོ་ཚོགས་སྤྱི་ཟླ་6པའི་ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་རྔ་བ་ཁུལ་མཛོད་དགེ་རྫོང་གི་རིག་རྩལ་ཐང་ཆེན་ནས་སྤེལ་རྒྱུ་ཡིན། 

  ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ནི་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཁམས་པའི་བརྙན་འཕྲིན་ཁང་། ཡུལ་སྐོར་འཚོ་བའི་རླུང་འཕྲིན། ཀྲུང་གུང་མཛོད་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་མཛད་པ་ཡིན་ལ། སྤྲོ་ཚོགས་སུ་ཚེ་དབང་དང་སྒྲོན་པེ། དཔལ་ཆེན་དབང་རྒྱལ། མགར་བསམ་གྲུབ་ཚེ་རིང་། ཚེ་རིང་དོན་གྲུབ། རྡོ་བཀྲ་ཤིས་སོགས་བོད་ཡུལ་ན་མིང་དུ་གྲགས་པའི་གཞས་པ་གཞས་མ་སྐོར་ཞིག་དང་། རྨ་ཆུའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་དབྱངས་ཅན་སྒྲ་སྙན་རོལ་ཚོགས་སོགས་ཐེངས་འདིའི་སྤྲོ་ཚོགས་སུ་ཞུགས་ནས་གླུ་དང་གར་གྱི་ལྟད་མོ་གྱ་ནོམ་པ་ཞིག་འབུལ་རྒྱུ་རེད། 

  ཐེངས་འདིའི་བྱ་འགུལ་གྱི་སྒྲ་བརྙན་གཉིས་ཀ་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཁམས་པའི་བརྙན་འཕྲིན་དྲ་བ་དང་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་སྤྱི་སྟེགས། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ། ཡུལ་སྐོར་འཚོ་བའི་རླུང་འཕྲིན་བཅས་ནས་ཐད་གཏོང་བྱ་རྒྱུ་ཡིན་པས་ལྷན་རྒྱས་ཀྱིས་དུས་ལྟར་དོ་སྣང་དང་གསན་གཟིགས་གནང་རོགས་ཞུ། 

བྱེད་སྒོའི་དུས་ཚོད། ༢༠༡༨ལོའི་ཟླ་༦པའི་ཚེས་༢༩ཉིན་གྱི་སྔ་དྲོའི་དུས་ཚོད་༡༠༠༠ 

བྱེད་སྒོའི་ས་གནས། མཛོད་དགེ་རྫོང་རིག་གནས་ཐང་ཆེན། 

དྲ་ལམ་ཐད་གཏོང་དུས་ཚོད། ༢༠༡༨ལོའི་ཟླ་༦པའི་ཚེས་༢༩ཉིན་གྱི་སྔ་དྲོའི་དུས་ཚོད་༡༠༠༠ 

<