པདྨ་བསམ་འགྲུབ་ཀྱི་གླུ་ཚོགས་ཚེ་སྲོག་གི་ཆུ་བོ་ཞེས་པ་འཚོག་རྒྱུ་རེད།

2018-06-28

 

  གྲོགས་པོ་རྣམ་པ་ཉེ་ལམ་སྐུ་ཁམས་བདེ་མོ་ཡིན་ན། ཁམས་པའི་བརྙན་འཕྲིན་ཁང་གི་ཟླ་རེར་ཐེངས་རེ་སྤེལ་བའི་གླུ་ཚོགས་ཐོན་ལ་ཉེ་བས། གླུ་ཚོགས་སྐོར་ལ་རེ་སྒུག་བྱེད་བཞིན་པའི་ཞེན་མི་དག་ལ་གླུ་ངག་གི་སྟོན་མོ་གྱ་ནོམ་པ་ཞིག་བཤམ་རྩིས་ཡོད། 

  ཁྲེང་ཏུའུ་གྲོང་ཁྱེར་དང་ཉེ་འཁོར་གྱི་གྲོགས་པོ་དག་ལ་བཤད་རྒྱུ་ཞིག་ལ། ཡུལ་དངོས་ནས་ལྟད་མོར་ལྟ་བའི་གོ་སྐབས་ཡོད་པས། འཕྲིན་སྟེགས་བརྒྱུད་དེ་འཛིན་བྱང་ཞེས་ཡི་གེ་སྐུར་ན་འཛིན་བྱང་ལེན་སྟངས་ཤེས་ཐུབ། 

 

  ཐེངས་འདིའི་གླུ་ཚོགས་ཏེ། ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགསལས་པདྨ་བསམ་འགྲུབ་ཀྱི་ཆེད་ཚོགས་ཚེ་སྲོག་གི་ཆུ་བོ་ཞེས་པ་ཟླ་༧པའི་ཚེས་༦ཉིན་གྱི་དགོང་མོའི་དུས་ཚོད་༧༣༠ཡི་སྟེང་ནས་སྤེལ་རྒྱུ་རེད། 

  ས་གནས། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཁུལ་ཐེན་ཧྥུའུ་ལམ་ཆེན་དཀྱིལ་ཁུལ་ཨང་རྟགས་༦༦༦ཞི་ཏོན་ཐོག་ཁང་cཁུལ་བརྩེགས་༤པ། ས་འོག་ལྕགས་ལམ་ལམ་ཐིག་དང་པོའི་ཐེན་ཧྥུའུ་སྲང་ལམ་གསུམ་པའི་Aསྒོ། 

  ཡུལ་དངོས་སུ་ཕེབས་མི་ཐུབ་པའི་གྲོགས་པོ་དག དྲ་ལམ་ཐད་གཏོང་བརྒྱུད་དེ་ཐེངས་འདིའི་གླུ་ཚོགས་གཟིགས་ཆོག་ལ། ང་ཚོས་དྲ་ལམ་བརྒྱུད་ནས་གླུ་ཚོགས་ཀྱི་མགོ་མཇུག་བར་གསུམ་ཐད་གཏོང་བྱ་རྒྱུ་ཡིན་ལ།ཁྱེད་ཀྱིས་ཁམས་པའི་བརྙན་འཕྲིན་དྲ་བ་དང་། ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ། ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་དག་བརྒྱུད་དེ་པདྨ་བསམ་འགྲུབ་ཀྱི་གླུ་སྐད་མྱོང་རོལ་བྱས་ཆོག རེ་སྒུག་གི་འདུན་པ་དྲག་ཏུ་འཕྱུར་བའི་གྲོགས་པོ་དག་གིས་འོག་གི་སྦྲེལ་ཐག་མནན་ན་ཐད་གཏོང་ཁང་དུ་ཐོན་ཐུབ། 

 

  པདྨ་བསམ་འགྲུབ། 

    པདྨ་བསམ་འགྲུབ་ནི་བོད་ཀྱི་མིང་དུ་གྲགས་པའི་གཞས་པ་ཞིག་ཡིན་ལ།སྙན་འཇེབས་ཐུན་མིན་གྱི་གླུ་ངག་ལྡན་པའི་གཞས་པ་ཁྱད་མཚར་ཅན་ཞིག་ཡིན།ཁོ་ནི་ཉི་མ་རོལ་ཚོགས་ཀྱི་ཚོགས་པ་འཛུགས་མཁན་ཡིན་པར་མ་ཟད།བོད་ཀྱི་རོལ་མོ་བ་དང་གླུ་པ་ཡིན་ལ།སྨྱན་སྦྱོར་གྱི་ལམ་ནས་ཁོ་ལ་བོད་ཀྱི་རོལ་དབྱངས་རྒྱུད་འཛིན་པ་ཞེས་བརྗོད་བཞིན་ཡོད། པད་མ་བསམ་འགྲུབ་ཀྱི་བརྩམས་ཆོས། ཨོ་ལེན་ཕེ་ཁི།》《ཚེ་སྲོག་ཡུན་ནས་བརྟན་པོར་གནས་པར་ཤོག》《ཟླ་བ་གཡུ་མཚོ།》《རྒྱང་རིང་གི་ཁྱོད་ནི་ངའི་ཆེས་ཟབ་པའི་བརྩེ་བ་ཡིན།》《ཚངས་དབྱངས་རྒྱ་མཚོ།》སོགས་ཡོད། 

པདྨ་བསམ་འགྲུབ་ཀྱི་བྱ་གཞག་ངོ་སྤྲོད། 

  ༢༠༠༦ལོར་ཆེད་སྒྲིག་ཐོག་མ་ཨ་ཅེཞེས་པ་ཕུད། ༢༠༠༨ལོར་གསར་རྩོམ་བརྩམས་ཆོས་ཨོ་ལེན་ཕེ་ཁི།ཞེས་པ་མཚོ་སྔོན་བརྙན་འཕྲིན་ཁང་གིས་བརྙན་ཕབ་བྱས་ནས་ཨོ་རྩལ་འགྲན་ཚོགས་སྐབས་ཀྱི་རྒྱ་ཁྱབ་གླུ་གཞས་བྱས། ༢༠༠༩ལོའི་ཟླ་༤པར་ཡུལ་ཤུལ་ས་འགུལ་གྱི་སྐབས་སུ་ཚེ་སྲོག་ཡུན་ནས་བརྟན་པོར་གནས་པར་ཤོགཞེས་པའི་གླུ་དབྱངས་གསར་རྩོམ་བྱས། ༢༠༡༠ལོའི་ཟླ་༧པར་མིང་དུ་གྲགས་པའི་རོལ་མོ་བ་དང་གླུ་མ་ཐན་ཝེ་ཝེ་དང་མཉམ་དུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་ཡ་གླིང་གི་སྙིང་།ཞེས་པ་བླངས། ༢༠༡༡ལོའི་ཟླ་༡པར་གསར་དར་གླུ་དབྱངས་ཆེད་སྒྲིག་ཟླ་བ་གཡུ་མཚོ།ཕུད། ༢༠༡༢ལོར་ཉི་མ་རོལ་ཚོགས་བཙུགས་ནས་ཆེད་སྒྲིག་གསུམ་པ་དུས་དེའི་མཛའ་གཞསསོགས་ཕུད། ༢༠༡༥ལོར་ཐོག་མའི་རང་རྐྱ་འཕེལ་བའི་རོལ་དབྱངས་ཆེད་སྒྲིགཚངས་དབྱངས་རྒྱ་མཚོཕུད། ༢༠༡༥ལོར་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་བོད་རང་སྐྱོང་ལྗོངས་དྲིལ་སྒྲོག་པུའུ་བཙུགས་ནས་བགྲང་བྱ་ལྔ་བཅུ་ལོན་པའི་ཇོ་རིའི་གླུ་སྐད་ཀྱིས་བོད་ཀྱི་གསར་སྐྱེས་གླུ་པར་བདམས། ༢༠༡༦ལོའི་ཟླ་༡༠པའི་ཚེས་༢༣ཉིན་ལ་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་གྱི་སྐབས་སུ་བོད་སྐད་ཀྱི་ངོ་མཚར་གཏམ་རྒྱུདདང་། རྒྱང་རིང་གི་ཁྱོད་ནི་ངའི་ཆེས་ཟབ་པའི་བརྩེ་བ་ཡིན།ཞེས་པ་བླངས།

བྱེད་སྒོའི་དུས་ཚོད། 

   ༢༠༡༨ལོའི་ཟླ་༧པའི་ཚེས་༦ཉིན་གྱི་དགོང་མོའི་དུས་ཚོད་༧༣༠ 

བྱེད་སྒོའི་ས་གནས། 

  ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཁུལ་ཐེན་ཧྥུའུ་ལམ་ཆེན་དཀྱིལ་ཁུལ་ཨང་རྟགས་༦༦༦ཞི་ཏོན་ཐོག་ཁང་cཁུལ་བརྩེགས་༤པ། ས་འོག་ལྕགས་ལམ་ལམ་ཐིག་དང་པོའི་ཐེན་ཧྥུའུ་སྲང་ལམ་གསུམ་པའི་Aསྒོ། 

དྲ་ལམ་ཐད་གཏོང་དུས་ཚོད། 

   ༢༠༡༨ལོའི་ཟླ་༧པའི་ཚེས་༦ཉིན་གྱི་དགོང་མོའི་དུས་ཚོད་༧༣༠ སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་དགོང་མོ་དུས་ཚོད་བདུན་དང་ཕྱེད་ཀྱི་སྟེང་ནས་《ཀྲུང་གོའི་བོད་གླུ་པང་གི་གླུ་ཚོགས་》ལས་པདྨ་བསམ་འགྲུབ་ཀྱི་ཆེད་ཚོགས་ཚེ་སྲོག་གི་ཆུ་བོ་ཞེས་པ་སྤེལ་རྒྱུ་ཡིན་པས། རྣམ་པ་ལྷན་རྒྱས་ཀྱིས་དོ་ཁུར་ཡོད་པར་ཞུ། 

 ༢༠༡༧ལོར་ཉི་མ་རོལ་ཚོགས་ཅང་སུའུ་བརྙན་འཕྲིན་ཁང་གི་རོལ་དབྱངས་དུས་ཆེན་འཁྲབ་ཚན་གྱི་ཀྲུང་གོའི་རུ་ཁག་ཏུ་ཞུགས། 
<