༢༠༡༨ལོའི《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས།》སྐབས་གསུམ་པ་གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པའི་ཆེད་ཚོགས་ཁྲེང་ཏུའུ་ནས་བདེ་ལེགས་ངང་སྤེལ།

2018-04-19

ཚེ་དབང་རྡོ་རྗེ། སྒྲོལ་དཀར་ལྷ་མོ། ཅ་ཅེན་ཅེན། ལིན་ཧྥིང་། 

  སྤྱི་ཟླ་༤པའི་ཚེས་༡༧ཉིན་ལ། ༢༠༡༨ལོའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགསསྐབས་གསུམ་པ་གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པའི་ཆེད་ཚོགས་དེ་ཁྲེང་ཏུའུ་ནས་བདེ་ལེགས་ངང་སྤེལ། ཡུལ་དངོས་སུ་གླུ་གར་གྱི་རྩེད་འཇོ་རྒོད་ཅིང་། ལྷག་པར་དུ་གླུ་པ་གླུ་མ་དག་གི་སྙན་འཇེབས་སྐད་ངག་ལ་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ།

ཡུལ་དངོས་ཀྱི་ལྟད་མོ་བ།

 

འཁྲབ་སྟོན། 

    སི་ཁྲོན་གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པ་ནི་༢༠༠༡ལོར་བཙུགས་པ་ཡིན་ལ། སྒྱུ་རྩལ་ཚོགས་པས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ཐད་ཀྱི་རྒྱུད་འཛིན་དང་དར་སྤེལ། ལྷག་པར་དུ་བོད་ཁུལ་གྱི་སྲོལ་རྒྱུན་རོལ་དབྱངས་འཚོལ་བསྡུ་དང་གསར་བསྒྱུར། རྒྱ་ཁྱབ་སོགས་ཀྱི་ཕྱོགས་ལ་འབད་པ་ལྷོད་མེད་བྱས་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། སྔ་གཞུག་ཏུ་རི་བོ་ཐང་ལྷའི་དྲག་རླུང་།དང་བོད་ཀྱི་བྱིས་པ།》《རྒོད་པོའི་གཤོག་འགྱུར།》《བརྩེ་བའི་ཕ་ས།》《མཛེས་མའི་ལུང་པ། བདག་གི་གཞིས་ཁྱིམ།སོགས་བོད་ཁུལ་དང་ནང་ལོགས་གང་དུ་ཡང་ཁྱབ་རྒྱ་ཆེ་བའི་རོལ་དབྱངས་བརྩམས་ཆོས་གང་མང་པར་སྐྲུན་འགྲེམ་སྤེལ་བྱས། 

    དེ་ལས་བློ་བཟང་དོན་འགྲུབ་དང་། སྦྱིན་བཟང་། བཀྲ་ཤིས་ཉི་མ། བསོད་ནམས་བཀྲ་ཤིས། ནམ་མཁའ་མཚོ། ཨ་ཀུན། དར་རྒྱས། ལྷ་མོ་སྤུན་གཉིས། བསོད་ནམས་དབྱངས་ཅན། དོན་ཡོད་དོན་འགྲུབ། ཨ་གཡང་ཚེ་རིང་སོགས་གྲངས་ཉུང་མི་རིགས་ཀྱི་གླུ་པ་གླུ་མ་གང་མང་ཞིག་ལ་གར་སྟེགས་བསྐྲུན་ནས་གསོ་སྐྱོང་བྱས་པ་དང་། ལྷག་པར་དུ་གླུ་གཞས་ལ་དགའ་ཞེན་ཡོད་པའི་ལོ་ཆུང་གཞོན་ནུ་དག་ལ་ཕུགས་བསམ་མངོན་འགྱུར་བྱེད་པའི་གར་གྱི་སྟེགས་བུ་ཞིག་བསྐྲུན། 

   ཐེངས་འདིའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགསཀྱི་བྱེད་སྒོའི་ཁྲོད་དུ། གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པའི་གླུ་པ་གླུ་མ་གྲགས་ཅན་སུ་ཞིག་ཡུལ་དངོས་ལ་ཕེབས་ཡོད་མ།  

བོད་ཀྱི་ཆང་གཞས་རྒྱལ་སྲས་སུ་འབོད་པའི་བློ་བཟང་དོན་གྲུབ་ཀྱིས་བརྩེ་བའི་འབོད་པཞེས་པ་བླངས།

བདེ་སྐྱིད་ཀྱིསདུས་བཞིའི་གླུཞེས་པ་བླངས།

བསོད་ནམས་ལྷ་མོབརྩེ་བ་རྒྱང་ན་ཡོདཅེས་པ་བླངས།

ཚེ་དབང་རྡོ་རྗེ་བཟའ་མི་གསུམ་གྱིསཨ་ཕ་ཨ་མའི་སེམས་ཀྱི་ལྷ་མོཞེས་པ་བླངས།

བསྟན་པ་གཡུང་དྲུང་གིས་ཕ་ཡུལ་དྲན་གླུཞེས་པ་བླངས།

 དཔལ་ལྡན། བསྟུད་ལེན།

སྤུན་ཟླ་ཚན་སྡེབ། བསྟུད་ལེན།

དར་རྒྱས། བསྟུད་ལེན།

གཅེན་གཅོང་ཚན་སྡེབ། བསྟུད་ལེན། 

 ཨ་ཚོ། བསྟུད་ལེན།

དབྱངས་ཅན་གྱིསབཀྲ་ཤིསཞེས་པ་བླངས། 

    ཡུལ་དངོས་ནས་གོང་གི་གླུ་གར་ལྟད་མོ་དེ་དག་ལས་གཞན་ད་དུང་། མདོ་འཛིན་པ་དང་སྐུ་མགྲོན་ཚོས་མཉམ་དུ་རོལ་རྩེད་དང་སྤེལ་རེས་བྱས་ཤིང་། ཁྱེད་ཅག་གིས་དེ་ལ་གཟིགས་ན་འདོད་དམ།

དགེ་རྒན་ལོ་བརྒྱས་ཡུལ་དངོས་ནས་ཞབས་བྲོ་ཁྲིད་པ།

མདོ་འཛིན་པ་བྲོ་པ་དང་མཉམ་དུ་རས་པ་འཆམ་པ།

ཚེ་དབང་རྡོ་རྗེས་རོལ་མོ་དང་ཟློས་ནས་མཐོ་སྒང་གི་བུ་མོཞེས་པ་འཁྲབ་སྟོན་བྱས།

བཀྲ་ཤིས་སྒྲོལ་མ་རོལ་མོ་དང་ཟློས་ནས་ཁམས་པའི་ཕོ་རྒོདཅེས་པ་འཁྲབ་སྟོན་བྱས།

གླུ་ལ་ཉན་ནས་ཁ་བྱང་ཁེད་པ། 

  རོལ་རྩེད་དང་ཡུལ་དངོས་ཀྱི་སྐུ་མགྲོན་དང་ལྟད་མོ་བ་དག་ནང་དུ་ཞུགས་པས་ཚོགས་ར་ཀུན་དགའ་སྤྲོ་དགོད་སྒྲ་ཁེངས་འདུག 

   ཡུལ་དངོས་སུ་གོང་གི་ངོ་མཚར་ལྟད་མོ་ལས་ད་དུང་། བརྩེ་བས་ཁེངས་པའི་དུས་ཡང་ཡོད་ལ། གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པ་བཙུགས་ནས་ལོ་བཅུ་བདུན་གྱི་རིང་ལ། ཞིང་གྲོང་ནས་ཆས་པའི་བྱིས་པ་མང་པོ་ཞིག་ལ་རང་ཉིད་འཚོ་བ་དང་བསྟི་གནས་མཁོ་འདོན་བྱས་ཡོད་ལ། ཡུལ་དངོས་ནས་ཚོགས་མི་དག་གིས་བསྐུར་བའི་བཀའ་དྲིན་ཞུ་ཡིག་ཀློག་འདོན་བྱས་པ་དང་། དེའི་ཁྲོད་དུ། གཉན་ཆེན་ཐང་ལྷ་སྒྱུ་རྩལ་ཚོགས་པས་བདག་གི་ཕུགས་བསམ་མངོན་འགྱུར་བྱེད་དུ་བཅུག་པར་བཀའ་དྲིན་ཞུ་ཟེར་བ་དང་། གཉན་ཆེན་ཐང་ལྷ་གླུ་གར་སྒྱུ་རྩལ་ཚོགས་པས་ང་རང་ཞིང་གྲོང་ནས་ཁྲིད་པར་བཀའ་དྲིན་ཆེ་ཞེས་པ་སོགས་ཡིད་འགུལ་ཐེབས་པའི་སེམས་སྒྲ་མང་པོ་འདུག  དེ་ལས་ཡུལ་དངོས་ཀྱི་ལྟད་མོ་བ་དག་སེམས་འགུལ་ཐེབས་ཤིང་། ཁོ་ཚོ་ནི་བརྩེ་བས་དམ་དུ་བཅིངས་པའི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པ་ཤེས་སུ་བཅུག  

  ཐེངས་འདིར་ཡུལ་དངོས་སུ་སླེབས་མེད་པའི་གྲོགས་པོ་དག་གིས་ཉམས་འཇོག་བྱེད་དགོས་པ་ཞིག་ལ། སྤྱི་ཟླ་བའི་ནང་བརྙན་འཕྲིན་དང་དྲ་བ་བརྒྱུད་ནས་གཏོང་རྒྱུ་ཡིན་ལ། 

དྲ་ཐོག་ཐོག་གཏོང་དུས་ཚོད། ༢༠༡༨ལོའི་ཟླ་༥པའི་ཚེས་༡ཉིན། 

བརྙན་འཕྲིན་ཐོག་གཏོང་དུས་ཚོད། ༢༠༡༨ལོའི་ཟླ་༥པའི་ཚེས་༥ཉིན། 

གཟིགས་འདོད་ཡོད་པའི་གྲོགས་པོ་དག་གི་སེམས་ལ་འཛིན་རོགས། 

རྩོམ་པ་པོ་ལི་ཞཱ། རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས། ཧོ་ཅ་མེན། 

<