ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་བོད་ས་ཕོ་ཁྱི་ལོའི་ལོ་སར་དགྱེས་འཛོམས་དགོང་ཚོགས<སྐལ་བཟང་ལོ་སར།>ཞེས་པ་ནི་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱིའི་ལོའི་ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཁམས་པའི་བརྙན་འཕྲིན་ཁང་དུ་ཐོག་མར་གཏང་རྒྱུ་ཡིན།

2018-02-16

  ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་བོད་ས་ཕོ་ཁྱི་ལོའི་ལོ་སར་དགྱེས་འཛོམས་དགོང་ཚོགས<སྐལ་བཟང་ལོ་སར།>ཞེས་པ་ནི་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱིའི་ལོའི་ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཁམས་པའི་བརྙན་འཕྲིན་ཁང་དུ་ཐོག་མར་གཏང་རྒྱུ་ཡིན།  དགྱེས་འཛོམས་དགོང་ཚོགས་ད་དུང་ལོ་སར་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༧དང་སྐར་མ་༢༠ཐོག་དང་། ཚེས་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་ཕྱི་དྲོའི་ཆུ་ཚོད་༧དང་སྐར་མ༢༠དང་།  ཚེས་བཞིའི་ཉིན་གྱི་སྔ་དྲོའི་ཆུ་ཚོད༩དངཚེས་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད༧དང་སྐར་མ་༢༠དང་།   ཚེས་དྲུག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༧་དང་སྐར་མ་༢༠སྟེང་བཅས་སུ་ཁམས་པའི་བརྙན་འཕྲིན་ཁང་ནས་བསྐྱར་གཏོང་བྱ་རྒྱུ་ཡིན།

  དེ་མིན་དྲ་བའི་སྨྱན་བྱེད་བེད་སྤྱོད་བྱེད་མཁན་གྱིས་ཁམས་པའི་བརྙན་འཕྲིན་ཁང་གི་དྲ་ཚིགསhttp://www.kangbatv.comདང་། ཁམས་པའི་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས།  ཤམ་བྷ་ལའི་བཀོལ་སྤྱོད་མ་ལགapp་དང་ཨེ་ཆེ་ཡི་སྨྱན་བྱེད།  ཀྲུང་གོའི་བོད་ལྗོངས་དྲ་བ་བཅས་ནས་དུས་མཉམ་དུ་གཏང་རྒྱུ་ཡིན།

  ཁ་པར་བཀོལ་སྤྱོད་བྱེད་མཁན་གྱིས་ཚེས་གཅིག་ཉིན་གྱི་སྔ་དྲོ་དང་དགོང་མོའི་དགོང་ཚོགས་ལ་བལྟ་སྐབས།  བརྙན་ངོས་འོག་ཕྱོགས་ཀྱི་རྩ་གཉིས་བཤེར་རིས་བཤེར་འབེབས་བྱས་ནས་ལེ་ཚན་བྱ་འགུལ་ནང་ཞུགས་ན།  སྤུས་ལེགས་ལ་སྤྱོད་བདེ་བའི་ལེགས་སྐྱེས་འཐོབ་པའི་གོ་སྐབས་ཡོད།

  ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་བོད་ས་ཕོ་ཁྱི་ལོའི་ལོ་སར་དགྱེས་འཛོམས་དགོང་ཚོགས་ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་ལས་ཁུངས་ཀྱི་མི་རིགས་སྐད་ལམ་ནས། ལོ་སར་ཚེས༡དང་ཚེས་༢ཉིན་གྱི་ཉིན་གུང་ཆུ་ཚོད་༡སྟེང་དང་།   སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་རྒྱལ་སྤྱིའི་བརྙན་ལམ་ནས་ལོ་སར་ཚེས༡ཉིན་གཏང་རྒྱུ་ཡིན།

  བོད་ས་ཕོ་ཁྱི་ལོའི་ལོ་སར་དུས་སྟོན་སྐབས་སུ།  ཁམས་པའི་བརྙན་འཕྲིན་ཁང་གིས་གཟིགས་མཁན་རྣམས་ཀྱི་སྤྱན་ལམ་དུ་ཡིད་དབང་འདྲེན་བྱེད་ཀྱི་ལེ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད་དེ།  ཁམས་པའི་བརྙན་འཕྲིན་ཁང་གི་བོད་ས་ཕོ་ཁྱི་ལོའི་ལོ་སར་དགྱེས་འཛོམས་དགོང་ཚོགས་དང་།   ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་བོད་ས་ཕོ་ཁྱི་ལོའི་ཆེད་བསྒྲིགས་རིག་རྩལ་ལེ་ཚན་དང་།  ༢༠༡༨ལོའི་བོད་ལོ་གསར་པའི་གློག་བརྙན་འགྲེམས་གཏོང་།  དཀར་མཛེས་ཁུལ་ལོ་སར་རིག་རྩལ་སྤྲོ་ཚོགས།  ཡུལ་ཤུལ་ཁུལ་༢༠༡༨ལོའི་བོད་ས་ཕོ་ཁྱི་ལོའི་ལོ་སར་རིག་རྩལ་དགོང་ཚོགས།  ལྷ་ས་གྲོང་ཁྱེར༢༠༡༨ལོའི་བོད་ས་ཕོ་ཁྱི་ལོའི་ལོ་སར་རིག་རྩལ་དགོང་ཚོགས། ཨ་མདོ་བརྙན་འཕྲིན་ཁང་གི་བོད་ས་ཕོ་ཁྱིའི་ལོའི་ལོ་སར་རིག་རྩལ་དགོང་ཚོགས།  མཚོ་ལྷོ་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས། ཕུལ་བྱུང་དངོས་ཟིན་གློག་བརྙན་ཤམ་བྷ་ལའི་ཞིང་ཁམས་དང་། གངས་དཀར་སོགས་བཀོད་སྒྲིག་བྱས་ཡོད།

  གངས་ཆུ་ས་ལ་འཐིམ།  མེ་ཏོག་སྤང་ནས་བཞད།  ཁམས་པའི་བརྙན་འཕྲིན་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བ་རྣམས་ལ་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ལ་བཀྲ་ཤིས་པའི་སྨོན་འདུན་ཞུ།

<