ང་ཐོན་ཡོང་། བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་འགྲན་ཞུགས་པ་རྩེ་གྲས་གསུམ་པོ་ཁམས་པའི་བརྙན་འཕྲིན་གྱི་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་འཁྲབ་སྦྱོང་ཡུལ་དངོས་སུ་ཐོན།

2018-01-25

   ༢༠༡༧ལོའི་ཟླ་བཅུ་གཉིས་པར། ཁམས་པའི་བརྙན་འཕྲིན་གྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཤམ་བྷ་ལ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་ཁྲེན་ཏུའུའི་ཧྥུ་ལེན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་ཀྱི་ཆེད་སྒྲུབ་ལེ་ཚན་ཏེ་ང་ཐོན་ཡོང་། བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲེན་ཏུའུ་ནས་དངོས་སུ་སྒོ་ཕྱེ་ཞིང་། འགྲན་རྩོད་དྲག་པོ་བྱས་མཐར་འགྲན་རྩོད་པ་བསོད་ནམས་ཚེ་རིང་དང་ཚངས་དབྱངས་ཁང་ཆུང་རོལ་ཚོགས་གཉིས་ཨང་རིམ་དང་པོ་དང་གཉིས་པ་ཐོབ་པ་དང་། ཨ་སི་ཀིན། ཐང་ཚ་ཚེ་དབང་ལྷ་མཚོ་གཉིས་ཨང་རིམ་གསུམ་པ་ཐོབ་པ་རེད། ཁོ་ཚོར་ཁམས་པའི་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་བརྙན་འཕྲིན་ལོ་སར་སྤྲོ་ཚོགས་སྟེང་ཞུགས་པའི་དབང་ཆ་ཐོབ་སྟེ། ཐད་ཀར་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གར་སྟེགས་སྟེང་བུད།   

     ཉེ་ཆར། ཁམས་པའི་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་བརྙན་འཕྲིན་སྤྲོ་ཚོགས་ཚ་ཚ་འུར་འུར་ངང་འཁྲབ་སྦྱོང་བྱེད་ཀྱིན་ཡོད། རྩོམ་སྒྲིམ་པས་ཡུལ་དངོས་ནས་ང་ཐོན་ཡོང་། བོད་ཀྱི་ལོ་སར་དགོང་ཚོགས་སྟེང་ཐོན་པའི་འགྲན་ཞུགས་པ་རྩེ་གྲས་གསུམ་དང་དངོས་སུ་ཞལ་མཇལ་ཐེངས་ཤིག་བྱུང་། གཤམ་ནས་ངེད་རྩོམ་སྒྲིག་པ་དང་ལྷན་ཏུ་འཁྲབ་སྦྱོང་ཡུལ་དངོས་སུ་སོང་སྟེ་ངོ་མཚར་པའི་ལྟད་མོར་མྱོང་རོལ་ཐེངས་ཤིག་བྱ། 

   ང་ཐོན་ཡོང་། བོད་ཀྱི་ལོ་སར་དགོང་ཚོགས་སྟེང༼སྤྲིན་གསེབ་ཀྱི་སོ་ལྟ་ཁང༽ཞེས་པས་དཔྱད་འདེམས་པ་ཡོངས་ཀྱི་ཡིད་དབང་ཅིག་གྱུར་ཏུ་ཕྲོགས་པའི་བོད་ཀྱི་གླུ་པ་བསོད་ནམས་ཚེ་རིང་གིས་ཐེངས་འདིར་ཡང་དམག་གཞས་ཤིག་གི་སྟ་གོན་བྱས་ཏེ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གར་སྟེངས་སྟེང་ཐོན་ཡོང་། ཁོ་རང་དམག་ལ་ཞུགས་པའི་ཉམས་མྱོང་ཡོད་ཕྱིར། ཐེངས་འདིར་ཁོས་དམག་གླུ་འདི་ནི་གུས་འདུད་ཀྱི་ཚུལ་དུ་བོད་ཀྱི་མཐའ་སྲུང་དམག་མིར་འབུལ་རྒྱུ་རེད། 

བསོད་ནམས་ཚེ་རིང་གི་འཁྲབ་སྦྱོང་ཡུལ་དངོས། 

བསོད་ནམས་ཚེ་རིང་གི་འཁྲབ་སྦྱོང་ཡུལ་དངོས། 

   སྐབས་སུ་ཚངས་དབྱངས་ཁང་ཆུང་རོལ་ཚོགས་དང་ཨ་སི་ཀིན། ཐང་ཚ་ཚེ་དབང་ལྷ་མཚོ་བཅས་འགྲན་ཞུགས་པ་གསུམ་པོས་མཉམ་གླུ་ཞིག་གི་སྟ་གོན་བྱེད་རྒྱུ་རེད། ཁྱེད་རང་ཚོ༼དར་མདོའི་མཛའ་གཞས༽དང༼སྒྲོལ་མ༽གཉིས་ལ་རྒྱུས་མངའ་ལོས་ཡོད། གལ་སྲིད་སྐད་གྲགས་ཅན་གྱི་གླུ་གཞས་འདིར་དམངས་གཞས་དང་དེང་གཞས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་འཁྲབ་སྟོན་ཐེངས་ཤིག་བྱས་ཚེ་ཁྱེད་རང་ཚོར་ཚོར་པ་ག་འདྲ་ཞིག་སྦྱིན་སྲིད་དམ། དེས་ན་ངེད་རྩོམ་སྒྲིག་པ་དང་ལྷན་ཏུ་ཐེངས་ཤིག་གཟིགས་པར་འགྲོ་ལགས།

ཚངས་དབྱངས་ཁང་ཆུང་རོལ་ཚོགས་དང་ཨ་སི་ཀིན། ཐང་ཚ་ཚེ་དབང་ལྷ་མཚོ་གསུམ་གའི་འཁྲབ་སྦྱོང་ཡུལ་དངོས།

     བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གར་སྟེགས་སྟེང་འབུད་པའི་ཕུགས་འདུན་མངོན་འགྱུར་བྱུང་བས། འགྲན་ཞུགས་པ་རྩེ་གྲས་གསུམ་པོའི་སེམས་པའང་རབ་ཏུ་དགའ་ཞིང་སྤྲོ་ལ། ཁོ་ཚོས་རྩོམ་སྒྲིག་པའི་བརྙན་ལམ་བརྒྱུད་དེ་རང་རང་སོ་སོའི་ལྟད་མོ་བར་ལོ་སར་གྱི་ཤིས་ཚུག་ཕུལ་བྱུང་། ཁྱེད་ཅག་གིས་ཁོ་རང་ཚོས་ལོ་སར་གྱི་ཤིས་ཚིག་ཅི་ཞིག་ཕུལ་ཡོད་པ་ཤེས་འདོད་དམ། གལ་སྲིད་ཤེས་འདོད་ཚེ་ཤམ་བྷ་ལའི་འཕྲིན་ལམ་དང་ཁམས་པའི་བརྙན་འཕྲིན་དྲ་བ། ཁམས་པའི་བརྙན་འཕྲིན་གྱི་སྐད་འཕྲིན་འཕྲིན་ལམ་སོགས་ལ་དོ་སྣང་མཛོད་དང་ཡོད་ཚད་རེ་རེ་བཞིན་ཤེས་ཐུབ།

ཚངས་དབྱངས་ཁང་ཆུང་རོལ་ཚོགས་ཀྱིས་ཕུལ་བའི་ལོ་སར་གྱི་ཤིས་ཚིག 

ཨ་སི་ཀིན་གྱིས་་ཕུལ་བའི་ལོ་སར་གྱི་ཤིས་ཚིག

ཐང་ཚ་ཚེ་དབང་ལྷ་མཚོས་ཕུལ་བའི་ལོ་སར་གྱི་ཤིས་ཚིག

<