རྒྱལ་ཡོངས་སྲིད་གྲོས་ཀྱིས་དྲ་རྒྱའི་སྲིད་གླེང་གི་རྒྱང་ཁྲིད་གྲོས་མོལ་ཚོགས་འདུ་འཚོགས་ནས“དམངས་ཡོངས་ལུས་སྦྱོང་ བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར”དམིགས་ནས་སྲིད་དོན་གྲོས་མོལ་བྱས་པ། དབང་

2020-05-10
0

     ཟླ་5ཚེས་8ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་དྲ་རྒྱའི་སྲིད་གླེང་གི་རྒྱང་ཁྲིད་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། གྲོས་གཞི་ནི“དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ”དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

     ཟླ་5ཚེས་8ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་དྲ་རྒྱའི་སྲིད་གླེང་གི་རྒྱང་ཁྲིད་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། གྲོས་གཞི་ནི“དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ”དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།


     མི་དམངས་དྲ་བའི་འཕྲིན། ཚེས་8ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་དྲ་རྒྱའི་སྲིད་གླེང་གི་རྒྱང་ཁྲིད་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། གྲོས་གཞི་ནི“དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ”དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་ལེན་ཞིག་རེད། དམངས་ཡོངས་ལུས་སྦྱོང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་འཚམ་པའི་མཐོ་ཚད་ཐོག་ནས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཡུལ་བབ་དང་བསྟུན་ནས་དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་མཁོ་སྤྲོད་ཀྱི་འགལ་བ་སེལ་བ། སྲིད་ཇུས་དང་ཁྲིམས་སྲོལ་དོན་འཁྱོལ་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ལུས་སྦྱོང་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱེད་དགོས།
     ཨུ་ཡོན་10ཡིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཧེ་ལུང་ཅང་དང་། ཀོང་ཏུང་། ཉིང་ཞ་བཅས་ཀྱི་ཚོགས་ར་4དང་དེ་བཞིན་ལག་ཐོགས་ཁ་པར་གྱི་སྦྲེལ་མཐུད་བྱེད་སྟངས་བརྒྱུད་གཏམ་བཤད་སྤེལ་བ་དང་ཨུ་ཡོན་120ཙམ་གྱིས་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་བརྒྱུད་བསམ་འཆར་བཏོན་པ་རེད། ཚང་མས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་སྔར་བྱུང་མྱོང་མེད་པའི་མཐོང་ཆེན་ཐོབ་པ་དང་། འབྲེལ་ཡོད་སྲིད་ཇུས་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མ་འཇོག་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་པ། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད་མོད། འོན་ཀྱང་མི་དམངས་མང་ཚོགས་ཀྱི“ཐོལ་སྐྱེས་རྣམ་པ”འཕར་བའི་ལུས་སྦྱོང་གི་དགོས་མཁོ་དང་བསྡུར་ན། ལུས་སྦྱོང་བྱ་ཡུལ་སྒྲིག་བཀོད་ཀྱི་སྤྱི་འབོར་མི་འདང་བ་དང་། ཁྱབ་ཚུལ་དོ་སྙོམས་མེད་པ། བེད་སྤྱོད་གང་ལེགས་མི་ཐུབ་པ་སོགས་ཀྱི་འགལ་བ་སྔར་བཞིན་མངོན་གསལ་དོད་པ་དང“གང་དུ་ལུས་སྦྱོང་བྱེད་པར་འགྲོ་རྒྱུ”ནི་སྔར་བཞིན་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་རེད།


  • 顶 0