རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

2021-02-26
0

1211040913_16142432398031n (1).jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི་ཟླ2པའི་ཚེས25ཉིན་གྱི་ཆུ་ཚོད16སྟེང་། པེ་ཅིང་ཁྲའོ་དབྱང་ཆུས་ཐའེ་དབྱང་ཀུང་གི་བྱང་ལམ་ཨང1པོ་རུ་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། སྔོན་ཆད་ཀྱི“རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང”གི་སྒོ་བྱང་ཕྱིར་འཐེན་བྱས་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་དོན་གྲོས་མོལ་མཐུན་སྦྱོར་ལས་ཁུངས་ཡིན་པའི་ཆ་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་དེ1986ལོའི་ཟླ5བའི་ཚེས16ཉིན་བཙུགས་པ་དང་། དུས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་ཞེས་འབོད་བཞིན་ཡོད། 1993ལོའི་ཟླ12པའི་ཚེས28ཉིན་ད་ལྟའི་མིང་འདི་སྤྱད་པ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལྡན་གྱི་ལས་དོན་སྒྲུབ་བཞིན་ཡོད།

རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས་ལ་དངོས་སུ་སྒོ་བྱང་བཀལ་བ་ནི་རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལོན་པའི་མཚོན་བྱེད་ཅིག་ཡིན་ལ། དེ་ནི་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལག་བསྟར་བྱས་ཏེ། འཚོ་བ་གསར་བ་དང་འབད་འཐབ་གསར་བར་བསྐྱོད་པའི་མགོ་རྩོམ་སའང་ཡིན།  །


  • 顶 0