ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བརྡའི་སྟེང་མིང་རྟགས་བཀོད།

2021-02-20
0

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ2པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བརྡའི་སྟེང་མིང་རྟགས་བཀོད་དེ།《སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་ལྟ་སྐུལ་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2021ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་པར་ཁྱབ་བསྒྲགས་བྱས། 

སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་དེ་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་ལྟ་སྐུལ་དོ་དམ་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད། སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣོན་བྱེད་པ་དང་། ཐེབས་རྩའི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། 《སྲོལ་ཡིག》འདི་གཏན་འཁེལ་བྱེད་པར་དགོས་ངེས་ཡོད་པ་རེད། 

གཅིག་ནི་སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་ལྟ་སྐུལ་དོ་དམ་རྩ་དོན་གསལ་བོར་བྱེད་དགོས།《སྲོལ་ཡིག》ནི་ཐེབས་རྩའི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཐེབས་རྩ་ཕན་ནུས་ལྡན་པའི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་དང་། སྤྱི་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རྩ་བའི་དམིགས་འབེན་ཡིན་ཞིང་། སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་ལྟ་སྐུལ་དོ་དམ་བྱ་བས་མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་པ་དང་། ཁྲིམས་མཐུན་དང་། བདེ་འཇགས། ཡོངས་བསྒྲགས། དམངས་ལ་སྟབས་བདེ་རྩ་དོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྨན་བཅོས་འགན་སྲུང་གི་སྤྱི་བའི་དོ་དམ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། སྨན་རྫས་ཞབས་ཞུའི་འདོན་སྤྲོད་ཕྱོགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་སྟབས་བདེ་དང་ཕན་ནུས་ལྡན་པའི་སྨན་བཅོས་འགན་སྲུང་ཞབས་ཞུ་དང་སྨན་རྫས་ཞབས་ཞུ་མཁོ་འདོན་བྱེད་པ་ཡིན།

གཉིས་ནི་ཐེབས་རྩའི་བེད་སྤྱོད་ཀྱི་འབྲེལ་ཡོད་འགན་འཁྲི་ཤུགས་སྣོན་པ། 《སྲོལ་ཡིག》གིས་སྨན་བཅོས་འགན་སྲུང་ལས་སྒྲུབ་སྡེ་ཁག་དང་། གཏན་འཁེལ་བྱས་པའི་སྨན་རྫས་སྡེ་ཁག འགན་སྲུང་ཁྲོད་ཞུགས་པའི་མི་སྣའི་སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། འབྲེལ་ཡོད་འགན་འཁྲི་སོ་སོ་གསལ་བོར་བྱེད་པ་ཡིན།

གསུམ་ནི་མ་ལག་ཅན་གྱི་ཐེབས་རྩའི་བེད་སྤྱོད་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པ་ཡིན། 《སྲོལ་ཡིག》གིས་སྲིད་འཛིན་ལྟ་སྐུལ་དོ་དམ་འཛུགས་སྐྲུན་དང་། གསར་འགྱུར་སྨྱན་བྱད་ཀྱི་གླེང་ཕྱོགས་ལྟ་སྐུལ། སྤྱི་ཚོགས་ལྟ་སྐུལ། ལས་རིགས་ཀྱི་རང་གཅུན་གཉིས་ཟུང་འབྲེལ་སྒོས་ལྟ་སྐུལ་གྱི་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པ་དང་། སྨན་བཅོས་འགན་སྲུང་དང་། འཕྲོད་བསྟེན་བདེ་ཐང་། ཀྲུང་ལུགས་སྨན་རྫས། ཚོང་རའི་ལྟ་སྐུལ་དོ་དམ། ནོར་སྲིད། རྩིས་བཤེར། སྤྱི་བདེ་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་ལྟ་སྐུལ་སྒྲིག་སྲོལ་སྒྲིག་འཛུགས་དང་། སྨན་བཅོས་འགན་སྲུང་སྡེ་ཁག་ནང་ཁུལ་དུ་སྲིད་འཛིན་ལྟ་སྐུལ་དོ་དམ་སྒྲིག་འཛུགས་བྱེད་པ་གཙོར་བྱས། དོ་དམ་མཐུན་འགྲིག་གི་ལྟ་སྐུལ་སྒྲིག་སྲོལ་ལ་གྲོས་མཐུན་བྱེད་པ་ཡིན།

བཞི་ནི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་ཡིན། 《སྲོལ་ཡིག》གིས་ཕྱོགས་བསྡུས་ངང་ཁྲིམས་འགལ་ངང་ཐོབ་པ་དང་། ཆད་གཅོད། ཐོབ་ཐང་དཔང་ཡིག་མེད་པར་བཟོ་བ། ལས་གཉེར་ཚད་བཀག སྨན་རྫས་ཞབས་ཞུ་མཚམས་འཇོག་པ། ཞབས་ཞུའི་གྲོས་མཐུན་མེད་པར་བཟོ་བ། སྨན་བཅོས་འགྲོ་གྲོན་དྲ་སྦྲེལ་རྩིས་སྤྲོད་སོགས་ཀྱི་སྣ་མང་པོའི་ལྟ་སྐུལ་བྱེད་ཐབས་མཚམས་འཇོག་པ་དང་། སྨན་བཅོས་འགན་སྲུང་ཐེབས་རྩའི་བེད་སྤྱོད་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྒོལ་རྡུང་དྲག་པོ་བཏང་ནས། དབང་ཆ་གང་འདོད་དུ་སྤྱོད་པ་དང་། ལས་གནས་ཤོར་བ། སྨན་བཅོས་འགན་སྲུང་ཁྲོད་དབང་ཆ་གང་འདོད་དུ་སྤྱོད་པ་སོགས་ཀྱི་སྲིད་འཛིན་སྡེ་ཁག་གི་མི་སྣར་ཁྲིམས་ལྟར་ཆད་གཅོད་བྱེད་པ་ཡིན།  །


  • 顶 0