ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་བརྡའི་སྟེང་མིང་རྟགས་བཀོད།

2021-02-20
0

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་བརྡའི་སྟེང་མིང་རྟགས་བཀོད་དེ།《རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱ་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། དེ2021ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱ་བའི་སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གིས་དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་མངོན་འགྱུར་བྱེད་པའི་དམིགས་འབེན་དང་མི་དམངས་དམག་དཔུང་ཁྱོན་ཡོངས་ནས་འཛམ་གླིང་སྟེང་གི་ཕུལ་བྱུང་དམག་དཔུང་དུ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཧུར་ཐག་གི་བྱེད་སྟངས། དེ་མིན་མཉམ་ལས་གཉིས་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚད་མཐའི་བསམ་བློ་དང་ཁྲིམས་སྐྱོང་བསམ་བློ་ཤུགས་དྲག་ཏུ་བཏང་ནས། ཕྱི་ནང་གི་ཐོན་ཁུངས་མཐུན་སྦྱོར་གཅིག་གྱུར་བྱས་ནས། མཉམ་ལས་ཀྱི་རྣམ་པ་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་དང་། དུས་རབས་གསར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་སྒྲིག་འཛུགས་བྱེད་པར་སྐུལ་འདེད་བྱེད་པ་དེས། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་ནུས་ལྡན་ངང་སྲུང་སྐྱོང་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན། 

《རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱ་བའི་སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ8དང་ཚན་པ48ཡོད་ཅིང་། དེ་ནི་རང་དམག་གིས་རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱ་བ་སྤེལ་བའི་རྩ་བའི་གཞི་འཛིན་ས་ཡིན་ཞིང་། སྲོལ་ཡིག་གིས་རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱ་བའི་ལས་འགན་གཙོ་བོ་དང་མཉམ་ལས་ཁྱབ་ཁོངས་གསལ་བོར་བསྟན་པ་དང་། རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱ་བའི་འཆར་འགོད་དང་། ཉེན་ཁའི་དོ་དམ་ཚོད་འཛིན། བྱ་བའི་འགན་སྲུང་དང་དཔྱད་འཇོག་སོགས་ཀྱི་སྒྲིག་སྲོལ་གསལ་བོར་བཟོས་ཡོད་ལ། རྒྱལ་སྤྱིའི་དམག་དོན་མཉམ་ལས་རྩ་འཛུགས་དང་ལག་བསྟར་བྱེད་པའི་གོ་རིམ་དང་བྱེད་ཐབས་ཚད་ལྡན་དུ་བཏང་ནས། དུས་རབས་གསར་བའི་རྒྱལ་སྤྱིའི་དམག་དོན་མཉམ་ལས་ཀྱི་ཕྱོགས་བསྡུས་ཕན་ཁེ་སྔར་བས་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་སྤྱིའི་དམག་དོན་མཉམ་ལས་བྱ་བར་འགན་སྲུང་མཁོ་འདོན་བྱེད་པར་སྐུལ་འདེད་བཏང་།།


  • 顶 0