ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་ནས་དྲི་བར་ལན་བཏབ།

2020-05-29
0

1126047196_15906900531131n.jpg

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཆེན་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚོགས་ཆེན་གྱི་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡི་གདན་ཞུས་ལྟར་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། གསར་འགོད་པའི་སྣེ་ལེན་ཚོགས་འདུ་དེ་བརྙན་རིས་བརྒྱུད་དེ་སྤེལ་བ་རེད།

1126047196_15906901026451n.jpg

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཆེན་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས།

ཀྲུང་གོའི་དཔལ་འབྱོར་སྐོར་གྱི་དྲི་བར་ལན་འདེབས་སྐབས་ལིས་ཁི་ཆང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་གི་དཔལ་འབྱོར་དང་གཅིག་ཏུ་འདྲེས་ཡོད་པས། ཁེར་རྐྱང་དུ་གནས་ཐབས་མེད། ད་ལོར་ང་ཚོས་དཔལ་འབྱོར་འཕར་ཚད་ཀྱི་དམིགས་ཚད་བཀོད་མེད་པར་འགན་སྲུང་དྲུག་སོགས་རྒྱལ་དམངས་སྤྱིའི་ཐོན་རིན་འཕར་སྣོན་དང་ཐད་ཀར་འབྲེལ་བའི་དམིགས་ཚད་གཏན་ལ་ཕབ་ཡོད་ལ། འགན་སྲུང་དྲུག་མངོན་འགྱུར་བྱུང་ན་དཔལ་འབྱོར་གྱི་འཕར་སྣོན་མངོན་འགྱུར་བྱེད་ཐུབ། ང་ཚོས་ལུགས་དང་མཐུན་ཞིང་གཞི་རྒྱ་འོས་འཚམ་ཡིན་པའི་ནོར་སྲིད་དང་དངུལ་ལོར། སྤྱི་ཚོགས་འགན་སྲུང་སོགས་ཕན་ཚུན་གཞོགས་འདེགས་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་ཡོད་པ་དང་། སྲིད་ཇུས་ཀྱི་མ་དངུལ་དེ་གཙོ་བོ་ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་ཚོང་རའི་གསོན་ཤུགས་ཡར་སྐུལ་གཏོང་བའི་ཐད་བཀོལ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ན། ང་ཚོས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པ་ཁོ་ཐག་ཡིན་ཞེས་གསུངས།

1126047196_15906901302211n.jpg

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཆེན་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས།

སྲིད་ཇུས་ཀྱིས་ཁེ་ལས་དང་མང་ཚོགས་ལ་ཇི་ལྟར་ཕན་ཐོགས་པར་བྱེད་དགོས་པའི་དྲི་བར་ལན་འདེབས་སྐབས་ལིས་ཁི་ཆང་གིས་དཀའ་ཁག་སེལ་བ་དང་ཚོང་རའི་གསོན་ཤུགས་བསྐྱེད་པའི་གཞི་རྒྱ་ཅན་གྱི་སྲིད་ཇུས་ལ་དོ་སྣང་བྱེད་པ་ནི་གཏན་འཇགས་ལས་ཞུགས་ཀྱིས་དམངས་འཚོར་འགན་སྲུང་བྱེད་པ་དེ་ཡིན། གཙོ་བོ་གོང་རིམ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞིར་བརྟེན་པ་མ་ཡིན་པར་སྡོད་དམངས་ཀྱི་ཡོང་འབབ་ལ་གཞོགས་འདེགས་བྱེད་པ་དང་འཛད་སྤྱོད་ལ་ཡར་སྐུལ་བྱས་ནས་ཚོང་རར་སྐུལ་ཁྲིད་བྱེད་རྒྱུ་དེ་ཡིན་ཞེས་གསུངས།

ལས་ཞུགས་ཐད་ཀྱི་དྲི་བར་ལན་འདེབས་སྐབས་ལིས་ཁི་ཆང་གིས་ལས་ཞུགས་ནི་ཆེས་ཆེ་བའི་དམངས་འཚོ་ཡིན་པ་དང་། ལས་ཞུགས་གཏན་འཇགས་ཡོང་བར་བྱེད་ཆེད་ང་ཚོས་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་བཞིན་ཡོད་ལ་མ་དངུལ་ཡང་མང་བོ་བཏང་ཡོད། ཐབས་བརྒྱ་ཇུས་སྟོང་གིས་ད་ཡོད་ཀྱི་ལས་གནས་གཏན་འཇགས་ཡོང་བར་བྱེད་པའི་ཞོར་དུ་སྔར་ལས་མང་བའི་ལས་གནས་གསར་སྐྲུན་བྱེད་བཞིན་ཡོད། སློབ་ཆེན་སློབ་མ་དང་ཞིང་བ་ཞོར་ལས་པ། དམག་དཔུང་ལས་ཕྱིར་བུད་པའི་དམག་མི་བཅས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ཞེས་གསུངས།

1126047196_15906902365501n.jpg

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཆེན་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས།

ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་དྲི་བར་ལན་འདེབས་སྐབས་ལིས་ཁི་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས། ཐ་ན་འཛམ་གླིང་ཡོངས་ལ་འབྲེལ་བ་ཡོད། འགྲིག་མཐུན་བྱུང་ན་ཕྱོགས་གཉིས་ལ་ཕན་པ་དང་འགལ་བ་བྱུང་ན་ཕྱོགས་གཉིས་ལ་གནོད་པ་ཐེབས་སྲིད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་གཞིར་བཟུང་ནས་མཐུན་སྦྱོར་དང་མཉམ་ལས། གཏན་འཇགས་བཅས་རྨང་གཞིར་བྱས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་ཕྱོགས་གཉིས་ལ་ཕན་པས་ཚོང་ལས་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱེད་དགོས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་དང་ཆེས་ཆེ་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་གཉིས་ཕན་ཡོང་བར་བྱེད་པ་དང་། འགལ་བ་སྣ་ཚོགས་ཞི་འཇགས་སུ་བཏང་ནས་ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་དགོས་ཞེས་གསུངས།

1126047196_15906902054601n.jpg

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཆེན་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས།

ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བའི་དྲི་བར་ལན་འདེབས་སྐབས་ལིས་ཁི་ཆང་གིས་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་རྒྱལ་ཁབ་སོ་སོས་འདྲ་མཉམ་མཉམ་གནས་དང་མཉམ་ལས་གཉིས་རྒྱལ་བྱས་ཏེ་མཉམ་དུ་ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་འབྲེལ་ཅན་གྱི་གཏན་འཇགས་ལ་སྲུང་སྐྱོབ་དང་། ཉོ་ཚོང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་ལ་ཡར་སྐུལ་གཏོང་དགོས། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་ཅིང་། དཀའ་སྡུག་མཉམ་མྱོང་དང་ལག་རྡང་མཉམ་སྦྲེལ་གྱིས་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ཉམས་ཉེན་དང་དཔལ་འབྱོར་ཉམས་རྒུད་སོགས་ཀྱི་འགྲན་རྩོད་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད་ཅེས་གསུངས།

ལིས་ཁི་ཆང་གིས་ད་རུང་དམངས་འཚོ་དང་འཛམ་གླིང་ཡོངས་ཀྱི་རིམས་འགོག་མཉམ་ལས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། ཞང་ཀང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་སོགས་ཀྱི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། 

  • 顶 0