རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ།

2020-05-29
0

དམིགས་བསལ་དུས་སྐབས་སུ་འཚོགས་པའི་གལ་ཆེའི་ཚོགས་འདུ་ལ།  འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཁྱད་པར་ཅན་གྱི་དོན་སྙིང་ལྡན་པ་རེད། ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི༣༠༠༠ཙམ་གྱིས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་རང་འགན་གཙང་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་གསར་འབྱེད་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།

ཚོགས་འདུའི་སྐབས་སུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་ཇུས་ཆེན་མཉམ་དུ་གྲོས་བསྡུར་གནང་བ་རེད།  མི་དམངས་ལ་རྩེ་གཅིག་ཏུ་བརྟེན་པ་དང་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་པ། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་བཙུགས་པ་བཅས་ནན་བཤད་བྱས། གཅིག་གྱུར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་བླང་བྱ་གསར་པ་འདོན་པ་དང་བཀོད་སྒྲིག་གསར་པ་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་འཐབ་ཇུས་ཇུས་འགོད་གནང་། མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་ནི་བླ་ན་མེད་པའི་འདུ་ཤེས་མངོན། འགག་སྒྲོལ་དཀའ་སེལ་དང་ཉེན་ཡོད་གོ་སྐབས་ལ་བསྒྱུར་རྒྱུའི་ཚན་རིག་དང་མཐུན་པའི་བྱ་ཐབས་ནི་ང་ཚོས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་རྒྱུར་འགན་ལེན་བསྐྲུན། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་འབད་འབུངས་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད།

ཚོགས་འདུའི་སྐབས་སུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་དབང་ཆ་སྤྱོད་དེ་གཞུང་གཅིག་ཁང་གཉིས”ཀྱི་ལས་དོན་སྙན་ཞུ་སོགས་ཡིག་ཆར་གྲོས་ཞིབ་ནན་ཏན་བྱས། དམངས་ ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་དང་ཤང་ཀང་དང་འབྲེལ་བ་ཡོད་པའི་ཆོད་དོན་གཏན་འབེབས་ལ་གྲོས་ཞིབ་བྱས་ཡོད། གྲོས་གཞི༥༠༠ལྷག་དང་གྲོས་འགོ་༩༠༠༠ཙམ་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་བཅོས། བརྟན་པོ་དྲུག་གི་ལས་དོན་ལེགས་སྒྲུབ། འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ།  སྤྱིའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་ཤུགས་ཆེར་གཏོང་བ་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་།  དྲ་རྒྱའི་བརྙན་ལམ་བརྒྱུད་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་སེམས་ཁུར་བྱེད་པ་རེད།

ཕུགས་འདུན་དོན་དུ་གཉེར་བ་དང་འབད་འབུངས་ཡར་བརྩོན་གྱིས་མདུན་དུ་སྐྱོད་པའི་དུས་སྐབས་འདིར། ༢༠༢༠ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་དང་བསྟུན་ནས་ང་ཚོའང་མ་འོངས་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་ཅིང་།  ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་དགོས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་མཇུག་བསྒྲིལ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཁང་བརྩེགས་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་གསར་འགོད་པའི་ཚོགས་འདུར་ཕེབས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད།

  • 顶 0