ཝང་དབྱང་གིས་རྒྱལ་དམངས་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན། ཐེ་ཝན་མཉམ་འབྲེལ་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།

2020-05-25
0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་དམངས་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན། ཐེ་ཝན་མཉམ་འབྲེལ་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས་ཉེར་གསུམ་ཉིན་རྒྱལ་དམངས་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན། ཐེ་ཝན་མཉམ་འབྲེལ་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་ཚན་ཆུང་གྲོས་ཚོགས་ལ་ཞུགས། ནན་ཏན་གྱིས་ཨུ་ཡོན་ཚོའི་གཏམ་བཤད་ལ་གསན་རྗེས་ཝང་དབྱང་གིས་བསྟན་དོན། མིག་སྔར་ཝེ་ཝན་མཚོ་འགག་གི་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་བཞིན་ཡོད་ཀྱང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་གཞི་རྩའི་རྣམ་པ་འགྱུར་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེ་ཝན་སྤུན་ཟླར་བསྐུར་བའི་འཕྲིན་ཡིག་ཅེས་པ་སྤེལ་ནས་ལོ་ངོ་བཞི་བཅུ་འགོར་རྗེས་དྲན་བྱེད་པའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། གུང་ཀྲུང་གུང་དབྱང་གི་ཐེ་ཝན་བྱ་བའི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་གང་ལེགས་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་མངོན་པར་མཚོན་པའི་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་དང་རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་གྱི་ཁ་བྲལ་བྱ་འགུལ་གཏན་འགོག་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་ཐེ་ཝན་སྤུན་ཟླའི་བདེ་སྐྱིད་ལ་འགན་སྲུང་བྱེད་པའི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། རྒྱལ་དམངས་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན། ཐེ་ཝན་མཉམ་འབྲེལ་བཅས་ནི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། ཨུ་ཡོན་དག་གིས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་གི་ལྟ་ཚུལ་དངོས་འབེབ་བྱེད་པའི་ཐད་འབད་འབུངས་བྱས་ཏེ། རྒྱ་ཆེའི་ཐེ་ཝན་སྤུན་ཟླས་གནས་བབ་གསལ་བོར་ཤེས་པ་དང་ཕན་གནོད་གསལ་བོར་ཤེས་བ། བདེན་རྫུན་གསལ་བོར་རྟོགས་པར་སྣེ་ཁྲིད་བྱས་ནས། མཉམ་དུ་མི་རིགས་ཀྱི་བྱ་གཞག་ཁུར་དུ་ལེན་པ་དང་མཉམ་དུ་བསྐྱར་དར་གྱི་རླབས་ཆེན་ལས་དོན་མངོན་འགྱུར་བྱེད་དགོས་ཞེས་གསུངས། 


  • 顶 0