ལིས་ཁི་ཆང་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

2020-05-25
0

ལིས་ཁི་ཆང་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀོང་ཞིའི་འཐུས་ཚབ་ཚོགས་པར་ཕེབས་ཏེ། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད། ལིས་ཁི་ཆང་གིས་གསུང་བཤད་གནང་སྟེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀོང་ཞི་ཡིས་རྒྱལ་ཡོངས་དང་འདྲ་བར་དཀའ་ཁག་ཁྱད་བསལ་བྱས་ཏེ་རིམས་ནད་འགོག་བཅོས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ཐད་ནས་གྲུབ་འབྲས་བཟང་བ་བླངས་ཡོད་ཅེས་གསུངས། 

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པར་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས། བཀག་རྒྱ་སེལ་བ་དང་འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་དོན་དངོས་བྱེད་ཐབས་མང་དུ་སྤྱོད་པར་རང་འགུལ་གྱིས་ཞབས་འདེགས་ཞུས་ནས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། ཀོང་ཞི་ཡིས་ས་ཁོངས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཕྱི་ནང་གི་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལས་ཀྱི་སྟེགས་བུ་གསར་བསྐྲུན་བྱེད་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་བསྟན་དོན། མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་དང་གཞི་རྩའི་དམངས་འཚོའི་བདེ་འཇགས་དྲ་བ་ཆགས་སུ་བཅུག་སྟེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས། ཆེས་དབུལ་ཕོངས་ཀྱི་གནས་བབ་ལེགས་བཅོས་བྱེད་དགོས་ལ། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྨན་བཅོས་འཕྲོད་བསྟེན། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་བཅས་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་ཀོང་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཞིའི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་འཛིན་པ་དང་། རིགས་སོ་སོའི་མང་ཚོགས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དམ་འཛིན་བྱས་ཏེ་དམངས་འཚོ་ལ་འགན་སྲུང་བྱས་ཏེ། ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན། 



  • 顶 0