རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས།

2020-05-22
0

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟླ5པའི་ཚེས20ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་ཆེད་ཡོངས་བསྒྲགས་ཚོགས་འདུ་དྲ་རྒྱའི་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བསྡུས་པ་རེད། ཚོགས་འདུའི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ5བའི་ཚེས21ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་འགོ་རྩོམ་རྒྱུ་ཡིན་པ་དང་། ཟླ5བའི་ཚེས27ཉིན་གྱི་ཕྱི་དྲོར་མཇུག་བསྒྲིལ་རྒྱུ་ཡིན་ལ། ཚོགས་འདུའི་དུས་ཡུན་འཆར་གཞི་དང་བསྡུར་ན་ཉིན་བཞི་དང་ཕྱེད་ཀས་ཇེ་ཐུང་དུ་བཏང་ཡོད་ཟེར།

༢.jpg

༣.jpg

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་བཏོན་པའི་སྲིད་གྲོས་ཀྱིས་རིམས་ནད་འགོག་རྒོལ་ཁྲོད་བཏོན་པའི་ནུས་པ་ཞེས་པའི་དྲི་བར་ལན་འདེབས་སྐབས། ཀུའོ་ཝེ་མིང་གིས་བཤད་རྒྱུར། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་ཚོས་རིམས་ནད་འགོག་རྒོལ་ཡུལ་དངོས་སུ་རིམས་འགོག་ཐད་འབད་འཐབ་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་དོན་སྤེལ་ཡོད་ཟེར།

༤.jpg

༥.jpg

གསར་འགྱུར་ཡོང་བསྒྲགས་ཚོགས་འདུའི་ཐོག་གསར་འགྱུར་མགྲིན་ཚབ་པས་ད་དུང་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས་དང་དབུལ་ཐར་མཁྲེགས་གཏོར། འཛམ་གླིང་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་གཏན་འཇགས་སུ་གཏོང་བ། མཁོ་འདོན་སྦྲེལ་ཐག་སོགས་གནད་དོན་ཐད་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ། །


  • 顶 0