ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་ཁ་པར་བཏང་།

2020-03-26
0

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་ཤོས་སུ་རིམས་ནད་བྱུང་བ་ཚབས་ཆེན་ཡིན། དོན་དངོས་ལས་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ་ཡང་བསྐྱར་གསལ་བོར་མཚོན་ཡོད། རྒྱལ་ཁབ་སོ་སོས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་མཉམ་དུ་ཁ་གཏད་འཇལ་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་སྤྱིའི་རིམས་ནད་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་ཞིང་ལག་རྡང་སྦྲེལ་ཏེ་མཉམ་དུ་འཇིགས་སྐུལ་དང་འགྲན་རྩོད་ལ་ཁ་གཏད་འཇལ་ནས། འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཅིབ་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཨེ་ཅིབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

སེ་ཞི་ཡིས་བཤད་རྒྱུར། ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དེ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་ལ་སྟོབས་ཤུགས་ཆེན་པོ་ལྡན་པ་དང་ཀྲུང་གོ་མི་དམངས་མཐུན་སྒྲིལ་དམ་པོ་ཡོང་བ་ཡང་བསྐྱར་བདེན་དབང་བྱས་ཡོད། བདག་གིས་ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།

  • 顶 0