ཞི་ཅིན་ཕིང་གིས་ཧྥ་རན་སི་རུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

2020-03-23
0

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ཁ་པར་བཏང་སྟེ།ཉེ་སྔོན་ཧྥ་རན་སི་རུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཐད་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། ཧྥ་རན་སིའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

1125748121_15847909037521n.jpg

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཕན་ཚུན་རོགས་རེས་དང་དཀའ་ངལ་མཉམ་སེལ་ནི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་སྲོལ་རྒྱུན་བཟང་བོ་ཡིན། ཧྥ་རན་སིའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོས་སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་འཚམས་འདྲི་གནང་བར་བཀའ་དྲིན་ཆེ། སྤྱི་ཐུན་འཕྲོད་བསྟེན་གྱི་བདེ་འཇགས་ནི་མིའི་རིགས་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཡིན་པས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཧྥ་རན་སིས་རིམས་ནད་འགོག་རྒོལ་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་ཡིན་ལ།ཧྥ་རན་སི་དང་མཉམ་ལས་བྱས་ཏེ།ཕན་ཚུན་རོགས་རམ་གྱི་ཁྲོད་ནས་རིམས་ནད་འགོག་རྒོལ་གྱི་དམག་འཐབ་འདི་ལས་མཉམ་དུ་རྒྱལ་བར་བྱེད་འདོད་ཡོད། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཡིན་ལ། མིའི་རིགས་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་མཉམ་དུ་ཁུར་ཡོད། ཀྲུང་གོས་ཧྥ་རན་སིའི་བར་དུ་རིམས་ནད་འགོག་སྡོམ་གྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་འདོད་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བཅོས་སྐྱོང་ཁྲོད་དུ་སྲོག་ཤིང་གི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་བསྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རིམས་ནད་འགོག་སྡོམ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་རིམས་ནད་ཀྱི་ཉམས་སད་ཐེག་སྟེ། མུ་མཐུད་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  • 顶 0