སི་ཁྲོན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ༣༡༣བདེ་བླག་ངང་ཕ་ཡུལ་དུ་ལོག

2020-03-23
0

ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ལྡིར་སྒྲ་གྲགས་པ་དང་བསྟུན་ནས་དོམ་ཁྲའི་གནམ་གྲུ་ཞིག་ཏུ་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་སོགས་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བླག་ངང་བབས། དེ་ནས་སི་ཁྲོན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་ཁག་གསུམ་པའི་ཕྱིར་འཐེན་སྨན་བཅོས་རུ་ཁག་དག་ཕ་ཡུལ་སི་ཁྲོན་དུ་ལོག “དཔའ་བོའི་གནམ་གྲུའི་འགོ་གཙོ”ལིའུ་ཁྲོན་ཅན་དངོས་སུ་འཕུར་འགོ་ཚུགས་ཤིང་གནམ་གྲུ་བརྟན་པོ་བསྡད་རྗེས་ལིའུ་ཁྲོན་ཅན་གྱིས་ཁ་ལོ་བའི་སྒེའུ་ཁུང་ཕྱེ་ནས་ཚང་མར་ཕྱག་གཡུག་གཡུག་གནང་བ། དེ་གོང་ལིའུ་ཁྲོན་ཅན་གྱིས་ཁྲེང་ཏུའུ་ནས་ཝུའུ་ཧན་བར་གྱི་དུས་གཏན་གནམ་གྲུ་འཕུར་ནས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སི་ཁྲོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་ཁག་གསུམ་པའི་སྨན་དོན་མི་སྣ་ཝུའུ་ཧན་གྱི་རིམས་ནད་འགོག་པའི་གཡུལ་སར་བསྐྱོད་པ་དང་་སྨན་དོན་མི་སྣ་་སོགས་ཁྱིམ་དུ་བསུ་རྒྱུ་ཡིན་ཞེས་བཤད།

  • 顶 0