གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐོན་པའི་སྐབས་སུ་ཞི་ཅིན་ཕིང་གིས་བུད་མེད་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

2020-03-09
0

 གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐོན་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས། རིམས་ནད་འགོག་སྡོམ་གྱི་གཡུལ་ས་དང་འཐབ་ཕྱོགས་སོ་སོ་ན་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

1125678885_15836308539511n.jpg

ཞི་ཅིན་ཕིང་གིས་བསྟན་དོན།ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས།རྒྱ་ཆེའི་བུད་མེད་སྨན་བཅོས་ལས་དོན་པས་འོས་འགན་འདོར་མེད་དང་ཉིན་མཚན་དབྱེར་མེད་ཀྱིས་རིམས་ནད་འགོག་སྡོམ་གྱི་གཡུལ་ས་བརྟན་སྲུང་བྱས་ཏེ།སྲོག་སྐྱོབ་སྨན་བཅོས་བྱེད་པ་དང་ལྷ་རྗེའི་བརྩེ་སེམས་འབུལ་བའི་བླ་མེད་སྙིང་སྟོབས་མཚོན་པར་བྱས།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ།སྤྱི་བདེ་མི་དམངས་ཉེན་རྟོག་པ།རིམས་འགོག་ལས་དོན་པ།གསར་འགྱུར་ལས་དོན་པ།དང་བླངས་པ་སོགས་ཁྲོད་ཀྱི་བུད་མེད་སྤུན་ཟླ་རྣམས་ཀྱིས་བློ་དཀར་འགན་སྒྲུབ་དང་འབད་འཐབ་ལྷོད་མེད་ཀྱིས་དཀའ་ཚེགས་ཆེ་བའི་བྱ་བ་འབོར་ཆེན་བསྒྲུབས་ཏེ།བྱ་སྤྱོད་དངོས་ལས་རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།ཚང་མས་རྒྱལ་ངེས་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།ཞུམ་པ་མེད་པའི་བརྩོན་སེམས་བཅངས་ཏེ།ཚན་རིག་ལྟར་འགོག་སྡོམབཟང་བོ་བྱས་ནས།རིམས་ནད་ལས་རྒྱལ་བར་བྱེད་པའི་འཐབ་རྩོད་ཁྲོད་མུ་མཐུད་དུ་བདེ་ཐང་ངང་ཞུགས་རྒྱུ་ནི་རེ་བ་ཡིན།

1125678885_15836308685661n.jpg

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིམས་ནད་འགོག་སྡོམ་གྱི་གཡུལ་ས་དང་འཐབ་ཕྱོགས་སོ་སོ་ན་ཡོད་པའི་བུད་མེད་སྤུན་ཟླ་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་།རིམས་འགོག་རིམས་རྒོལ་གཡུལ་སའི་བུད་མེད་དཔེ་ལེགས་ཅན་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ།བུད་མེད་དུང་ཕྱུར་མང་བོས་རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱིའི་དམག་འཐབ།འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས།

  • 顶 0