རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

2019-03-11

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། 

  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅོ་ལྔས་རིག་གནས་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་ལ་དམིགས་ནས་གཏམ་བཤད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་གཏམ་བཤད་ལ་ཉན།

  གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ལིག་ཆི་པོ་དང་ཝན་ཀང་། མཱ་པིའོ། ཁྲིན་ཞིའོ་ཀོང་། ལིས་པེན། ཧི་ལིས་ཧྥུན། ཀྲིན་ཅན་པང་། ཧྲའོ་ཧོང་བཅས་རེད།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆེན་ལིས་དང་ཏུང་ཅན་ཧྭ། ཧི་ཧོའུ་ཧྭ། ལུའུ་ཀྲན་གུང་། ཝང་ཀྲིན་ཝེ། ལེང་ཀྲིན་དབྱིན། ཞཱ་པོ་ལུང་། དབྱང་ཁྲོན་ཐང་། པཱ་ཐིར། ཝང་ཡུང་ཆེན། སུའུ་ཧོས། གུའུ་ཧྲིན་ཙུའུ། ལིག་ཞིན་ཁྲིན། ཧི་ཝེ། གའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས། ཀྲིན་ཅན་པང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས།

  ཨུ་ཡོན་ཏིན་ཁྲུན་ཏུང་གིས་བཤད་རྒྱུར། རྒྱ་ཆེའི་ན་གཞོན་ལོ་ཆུང་གིས་ལངས་ཕྱོགས་ཡང་དག་དང་ཚན་རིག་གི་གཞུང་ལུགས། སྔོན་ཐོན་གྱི་བསམ་བློར་བརྟེན་ནས་སྤྱི་ཚོགས་དང་འཛམ་གླིང་ལ་ངོས་འཛིན་བྱེད་པར་སྣེ་ཁྲིད་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཚན་རིག་གཞུང་ལུགས་ཐད་ཀྱི་ཡིད་རྟོན་བརྟན་པོ་འཛུགས་པ། མེས་རྒྱལ་དང་མི་དམངས་ལ་དགའ་བ་དང་རྒྱལ་ཁབ་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པའི་བླ་མེད་སྙིང་སྟོབས་ཆེར་སྐྱེད་པ། བདེན་ལེགས་མཛེས་གསུམ་གྱི་མི་ཚེའི་འཚོལ་སྙེག་སྐྱེད་སྲིང་བྱས་ནས། གཤིས་བཟང་ཡ་རབས་ཀྱི་མི་གཤིས་ཆགས་པར་བྱེད་དགོས་ཟེར།

  ཨུ་ཡོན་ཆུའུ་ཀང་གིས་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས་བཤད་རྒྱུར། དགེ་རྒན་སློབ་གསོའི་གཞི་རྩ་དང་སློབ་གསོ་དར་སྤེལ་གྱི་འགོ་ཁུངས་ཡིན་པས། དགེ་རྒན་དཔུང་སྡེའི་དོ་དམ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་དགེ་རྒན་ཟླ་ཕོགས་དང་སྤྱི་ཚོགས་གོ་གནས་ཇེ་མཐོར་གཏོང་བ། རྒྱལ་ཁབ་རིམ་པའི་དགེ་ཐོན་སློབ་གསོ་རྟེན་གཞི་འཛུགས་པ། ཞིང་སྡེའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཕྱོགས་བཞིའི་ཐད་ནས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྔར་ལས་ཆེན་པོ་སྣོན་དགོས་ཟེར།

  ཨུ་ཡོན་རོ་ཙི་ཧི་ཡིས་གཏམ་བཤད་སྐབས་བཤད་རྒྱུར། ཚན་རིག་རྩིག་རྨང་བརྟན་པོ་བཏིངས་ཏེ། རང་རྒྱལ་གྱི་སྲོག་ཤིང་ལག་རྩལ་ཐད་ཀྱི་དཀའ་གནད་ཐག་གཅོད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་བོས་རྨང་གཞིའི་ཞིབ་འཇུག་འཐབ་ཇུས་བཀོད་སྒྲིག་ཇེ་དྲག་ཏུ་གཏོང་བཞིན་ཡོད་པས། ང་ཚོས་ཀྱང་ངེས་པར་དུ་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས། ཚན་རྩལ་བྱ་བ་སྒྲུབ་མཁན་ཚོས་རྒྱལ་ཁབ་ཀྱི་ཚན་རིག་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐད་ཤུགས་བཏོན་ནས། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་དང་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

  ཨུ་ཡོན་ཝང་དབྱི་མེན་གྱིས་བཤད་རྒྱུར། ལས་ཞུགས་ནི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དོན་དག་གལ་ཆེན་ཡིན་པས། ལས་ཞུགས་གཏན་འཇགས་སུ་གཏོང་བའི་ལས་འགན་ལག་བསྟར་བཟང་བོ་བྱེད་ན། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་གནོན་ཤུགས་ལ་དམིགས་པ་དང་། ཁྱབ་ཁོངས་གཙོ་བོ་དང་མི་ཚོགས་གཙོ་བོར་དོ་སྣང་བྱེད་པ། ལས་རིགས་གཙོ་བོའི་ལས་ཞུགས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཁུལ་གཙོ་བོའི་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་པ། མི་ཚོགས་གཙོ་བོའི་ལས་ཞུགས་རོགས་སྐྱོར་ཇེ་དྲག་ཏུ་གཏོང་བ་སོགས་བྱས་ནས། སྲིད་ཇུས་ཀྱི་ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

  ཨུ་ཡོན་ནའོ་མེན་གྱིས་ཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཁབ་ཀྱིས་སྨན་བཅོས་བཅོས་བསྒྱུར་སྲིད་ཇུས་མང་པོ་ཕྱིར་བཏོན་ནས་མི་དམངས་ལ་ཁེ་ཕན་མི་ཉུང་བ་བསྐྲུན། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་ཐད་ནས་བཀོད་སྒྲིག་གསར་བ་བྱས་ཡོད་པས། བཀོད་སྒྲིག་དེ་དག་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་མི་དམངས་ཀྱི་སྟེང་དུ་དངོས་འབེབས་བྱེད་དགོས་ཟེར།

  ཨུ་ཡོན་ཀྲང་ཧའེ་ཏེ་ཡིས་བཤད་རྒྱུར། སྤྱི་ཚོགས་ཅན་གྱི་མངགས་གསོ་ཞབས་ཞུ་ནི་དབང་བོ་སྐྱོན་ཅན་དང་ཁོ་ཚོའི་ཁྱིམ་མིའི་ཆེས་མངོན་སུམ་དང་ཆེས་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། དབང་བོ་སྐྱོན་ཅན་གྱི་མངགས་གསོ་ཞབས་ཞུ་བཟང་བོར་བསྒྲུབ་རྒྱུ་ཡང་དབུལ་སྐྱོར་གྱི་ཕྱོགས་གཙོ་བོ་ཞིག་ཡིན་པས། དབང་བོ་སྐྱོན་ཅན་གྱི་མངགས་གསོ་ཞབས་ཞུའི་ཆ་སྡེབས་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་དབང་བོ་སྐྱོན་ཅན་གྱི་མངགས་གསོ་ཞབས་ཞུ་འཕེལ་རྒྱས་སུ་བཏང་སྟེ། མངགས་གསོ་ཞབས་ཞུའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

  མའོ་ཝན་ཁྲུན་དང་ཝུའུ་ཝེ་རིན་། ལིས་ཡན་ཧོང་། ཅོ་ཧོང་། ཁྲིན་པད་ལེན། ཞུའུ་ཞོ། ལིས་དབྱི་ཐའོ། ཡའོ་ཨེ་ཞིང་། གའོ་ཞོ་མེ་བཅས་ཨུ་ཡོན་གྱིས་ད་དུང་རང་སོ་སོའི་ལས་རྐང་དང་རང་ས་ཆའི་གནས་ཚུལ་གཞིར་བཟུང་ནས་གཏམ་བཤད།

<