ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

2019-11-04
0


ཟླ་བཅུ་གཅིག་པའི་ཚེས་གཉིས་དང་ཚེས་གསུམ་ཉིན་གཉིས་ལ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཟླ་བཅུ་གཅིག་པའི་ཚེས་གཉིས་དང་ཚེས་གསུམ་ཉིན་གཉིས་ལ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལ་སྐུལ་འདེད་གཏོང་བའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་ཏན་ཏན་ཏིག་ཏིག་སྒོས་འབྲི་ཆུའི་ཟུར་གསུམ་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་འོས་འཚམ་སྒོས་ཁ་གཏད་འཇལ་ཞིང་སྤོབས་པ་ཆེན་པོས་ཆེས་ལྕི་བའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་ཆེས་གལ་ཆེ་བའི་གནད་དོན་ཐག་གཅོད་དགོས་ལ། གྲོང་ཁྱེར་གྱི་ནུས་རིམ་དང་སྲོག་ཤིང་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་མོའི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

ཟླ་བཅུ་གཅིག་པའི་ཚེས་གཉིས་དང་ཚེས་གསུམ་ཉིན་གཉིས་ལ། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཆང་དང་ཧྲི་ཀྲང་དབྱིན་ཡུང་གཉིས་ཀ་དང་ལྷན་དུ་ཧྲང་ཧེ་ཡང་ཕུའུ་པེན་གཙང་བོ་དང་ཀུའུ་པེ་གཞིས་ཁུལ་སོགས་ལ་ཕེབས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་པ་དང་གྲོང་ཁྱེར་གྱི་སྤྱི་ཐིུན་བར་སྟོང་འཆར་འགོད་འཛུགས་སྐྲུན། གཞིས་ཁུལ་གྱི་བཅོས་སྐྱོང་དང་ཞབས་ཕྱི་སོགས་ཀྱི་ཐད་ལ་རྟོག་ཞིབ་མཛད་པར་མ་ཟད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བརྩེ་བའི་གླེང་མོལ་མཛད།

རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་ཧྲང་ཧེ་གྲོང་ཁྱེར་གྱི་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཧྲང་ཧེ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་དང་ཡང་འབད་བསྐྱར་འབད་སྒོས་དུས་རབས་གསར་བར་ངོ་མཚར་གསར་བ་གསར་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧེ་ནི་ང་ཚོ་ཏང་གི་འཁྲུངས་གནས་ཡིན་པ་དང་ཏང་བཙུགས་རྗེས་ཏང་ཀྲུང་དབྱང་ལས་ཁུངས་དུས་ཡུན་རིང་བོར་ཧྲང་ཧེ་ནས་གཏན་སྡོད་བྱས། ཧྲང་ཧེ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་དམར་དམག་ཐོན་ཁུངས་དེ་དག་བརྗོད་དོན་སློབ་གསོའི་གསོན་ཉམས་ལྡན་པའི་བསླབ་གཞི་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་ནན་མོང་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཐོག་མའི་བསམ་འདུན་ནམ་ཡང་མི་བརྗེད་པ་དང་འགན་འཁྲི་ནམ་ཡང་ཕྲག་ཏུ་འཁུར་ནས། ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་དུ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པ་དང་ཀུན་གྱི་མདུན་གྲས་སུ་སྐྱོད་དགོས་ཟེར།

ཏེན་ཞེའུ་ཞང་དང་ལིག་ཧི། ཧི་ལིས་ཧྥིན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་ཞི་ཅིན་ཕིང་དང་ལྷན་དུ་རྟོག་ཞིབ་བྱས།

  • 顶 0