བློ་མཐུན་ལིས་ཏ་ཀྲའོ་སྐུ་འཁྲུངས་ནས་ལོ་བརྒྱ་དང་སུམ་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས།

2019-10-28
0

1125158784_15721790953561n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ལིས་ཏ་ཀྲའོ་སྐུ་འཁྲུངས་ནས་ལོ་བརྒྱ་དང་སུམ་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། བློ་མཐུན་ལིས་ཏ་ཀྲའོ་ནི་ཀྲུང་གོ་གུང་ཁྲན་རིང་ལུགས་འགུལ་སྐྱོད་ཀྱི་སྔོན་བྱོན་པ་དང་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་མཁན། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཀྲུང་གོ་གུང་ཁྲན་ཏང་གི་གསར་གཏོད་མཁན་གཙོ་བོའི་ནང་གི་གཅིག་ཡིན་ལ། ཁོའི་འབད་འཐབ་བརྒྱུད་རིམ་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ནས་རྒྱུད་སྒྲོག་བྱས་པའི་ལོ་རྒྱུས་དང་དམ་དུ་འབྲེལ་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་གསར་སྐྲུན་བྱས་པའི་ལོ་རྒྱུས་དང་དམ་དུ་འབྲེལ་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མི་དམངས་ཀྱི་དོན་དུ་བདེ་སྐྱིད་བསྐྲུན་པའི་ལོ་རྒྱུས་དང་དམ་དུ་འབྲེལ་ཡོད་ཟེར།

ཁྲིན་ཞི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་ཧོང་ཁུན་མེན་དང་ཡུག་ཆོན། མེའོ་ཧྭ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགའ་འདུའི་སྟེང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གི་ཡོན་ཀྲང་ཆུའུ་ཆིན་ཧྲན་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལེང་ཡན་ཧྲོན། པེ་ཅིན་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ཆིག་ཧྥེ་ཕེན། ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་ཧྥིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམངས་གཙོ་ཏང་ཁག མི་དམངས་ཚོགས་ཁག བཅིངས་འགྲོལ་དམག་དང་པེ་ཅིན་གྲོང་ཁྱེར། ཧི་པེ་ཞིང་ཆེན་གྱི་འགན་འཁུར་བློ་མཐུན། བློ་མཐུན་ལིས་ཏ་ཀྲའོ་ཡི་གཉེན་ཉེ་ཡི་འཐུས་ཚབ་སོགས་བཞུགས་མོལ་ཚོགས་འདུར་ཞུགས། 

  • 顶 0