པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པའི་མཛད་སྒོ་པེ་ཅིན་ནས་བསྡུས་པ་དང་ཞི་ཅིན་ཕིང་གིས་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པ་ཁྱབ་སྒྲོག་མཛད།

2019-09-26
0

པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པའི་མཛད་སྒོ་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པའི་མཛད་སྒོ་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་ཏེ། ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པ་ཁྱབ་སྒྲོག་མཛད་པར་མ་ཟད་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གནམ་གྲུ་ཐང་གི་འཛུགས་སྐྲུན་དང་ལས་གཉེར་ཁྲོད་ཞུགས་པའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པ་དང་འཚམས་འདྲི་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཉིན་དེའི་དུས་ཚོད་བཅུ་གཅིག་གི་སྟེང་། གནམ་གྲུ་ཐང་གི་མཉམ་འབྲེལ་ཞིབ་བཤེར་ཚོམས་ཁང་དུ་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པའི་མཛད་སྒོ་བསྡུས་ཤིང་། སྤྲོ་སྐྱིད་ལྡན་པའི་མགྲོན་བསུའི་རོལ་མོ་དང་མཉམ་དུ་ཞི་ཅིན་ཕིང་སོགས་མཛད་སྒོའི་ཡུལ་དངོས་ལ་ཕེབས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

ཧན་ཀྲིན་གྱིས་ཤིས་ཚིག་ནང་བསྟན་དོན། པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་བ་དང་དངོས་སུ་སྐུལ་འདེད་བཏང་བའི་རྒྱལ་སའི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཆེན་པོ་ཞིག་ཡིན། བཟོ་སྐྲུན་ཆེན་པོ་འདི་ལེགས་འགྲུབ་བྱུང་སྟེ་ལས་གཉེར་བྱེད་འགོ་བརྩམས་པ་དེས་རང་རྒྱལ་གྱི་དམངས་སྐྱོད་མཁའ་འགྲུལ་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་ཞབས་ཕྱི་བཟང་བོ་བསྒྲུབ་པ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་པོ་ལྡན་ཟེར།

དུས་ཚོད་བཅུ་གཅིག་དང་སྐར་མ་ཉེར་བརྒྱད་ཀྱི་སྟེང་ཞི་ཅིན་ཕིང་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ཏེ་པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པ་ཁྱབ་སྒྲོག་མཛད་པ་ན་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

ལས་གཉེར་མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕིང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཚོམས་ཁང་དུ་ཕེབས་ཏེ་གནམ་གྲུ་ཐང་གི་འཛུགས་སྐྲུན་དང་ལས་གཉེར་ཁྲོད་ཞུགས་པའི་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་འཚམས་འདྲི་ཞུས་པར་མ་ཟད་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གནམ་གྲུ་ཐང་གི་འཆར་འགོད་དང་འཛུགས་སྐྲུན། ལས་གཉེར་བཅས་ཀྱི་ཁྲོད་དུ་ཞུགས་པའི་བློ་མཐུན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་དུས་ཆེན་གྱི་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་འཛུགས་སྐྲུན་ཚད་གཞི་མཐོ་ཞིང་དུས་ཡུན་ཐུང་བ་དང་བཟོ་སྐྲུན་གྱི་དཀའ་ཚེགས་ཧ་ཅང་ཆེ་ནའང་། འཛུགས་སྐྲུན་མཁན་ཡོངས་ཀྱིས་དཀའ་སྤྱད་སྒོས་ངལ་རྩོལ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་བཟོ་སྐྲུན་ལས་འགན་ཡོངས་འགྲུབ་བྱས་པས། ཏང་དང་མི་དམངས་ཧ་ཅང་ཡིད་ཚིམས་ཡོད་ཟེར།

ཏེན་ཞེའུ་ཞང་དང་ལིག་ཧི་སོགས་གོང་གི་བྱ་འགུལ་ལ་ཞུགས་པ་དང་ཧི་ལིས་ཧྥིན་གྱིས་གནམ་གྲུ་ཐང་གིས་དངོས་སུ་ལས་གཉེར་བྱེད་འགོ་བརྩམས་པའི་མཛད་སྒོར་འགོ་འཛིན་བྱས།

  • 顶 0