ལིས་ཁི་ཆང་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧྲིན་པུས་ཏི་པོ་ཕུའུ་ཨར་ཁི་བོ་གནམ་གྲུ་ཐང་དུ་ཐོན་ནས་ཨུ་རུ་སི་ལ་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས།

2019-09-19
0

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧྲིན་པུས་ཏི་པོ་ཕུའུ་ཨར་ཁི་བོ་གནམ་གྲུ་ཐང་དུ་ཐོན་རྗེས། ཨུ་རུ་སི་ཕྱོགས་ཀྱིས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧྲིན་པུས་ཏི་པོ་ཕུའུ་ཨར་ཁི་བོ་གནམ་གྲུ་ཐང་དུ་ཐོན་ནས་ཨུ་རུ་སི་ལ་དངོས་གཞིའི་འཚམས་འདྲི་མཛད་པར་མ་ཟད་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བཞི་བ་བསྡུས།

ལིས་ཁི་ཆང་བཞུགས་པའི་གནམ་གྲུ་ཕུའུ་ཨར་ཁི་བོ་གནམ་གྲུ་ཐང་དུ་ཐོན་རྗེས། ཨུ་རུ་སི་ཕྱོགས་ཀྱིས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧོང་དང་རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་སོགས་ཀྱང་ལིས་ཁི་ཆང་དང་ལྷན་དུ་ཨུ་རུ་སི་ལ་ཐོན། ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན། ཅང་མ་འགོར་བའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སི་ལ་འཚམས་འདྲི་མཛད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དང་སྔར་ལས་ཆེ་བའི་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་འགོ་བརྩམས། བདག་གིས་ཐེངས་འདིའི་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་སྐྲུན་པར་རེ་སྒུག་བྱས་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་འཛམ་གླིང་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་ཞིང་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་མཉམ་དུ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་བཅོས་སྐྱོང་མཉམ་དུ་འཐུས་ཚང་དུ་གཏོང་བ་དང་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པ། ས་གནས་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ལ་སྟོབས་ཤུགས་ཆེན་པོ་འདོན་འདོད་ཡོད་ཟེར།

  • 顶 0