ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ཕུལ་བྱུང་ན་གཞོན་ཐེབས་རྩའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

2019-09-19
0

1124956777_15675176812171n.jpg

ཟླ་དགུ་བའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་ཁབ་ཕུལ་བྱུང་ན་གཞོན་ཚན་རིག་ཐེབས་རྩའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་གཉིས་ཉིན་འགོ་འཛིན་མཛད་དེ་རྒྱལ་ཁབ་ཕུལ་བྱུང་ན་གཞོན་ཚན་རིག་ཐེབས་རྩའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཚོགས་འདུའི་སྔོན་དུ། ལིས་ཁི་ཆང་གིས་ཕུལ་བྱུང་ན་གཞོན་ཐེབས་རྩ་བཙུགས་པའི་ལོ་འཁོར་ཉེར་ལྔ་རིང་གི་རོགས་སྐྱོར་ལས་གཞིའི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་ལ། ཐེབས་རྩས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་ནས་ནུས་པ་ཆེན་པོ་བཏོན་པར་ཁས་ལེན་གང་ལེགས་བྱས།

ཚོགས་ཐོག་ཏུ། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོས་ཡར་ཞུ་ཕུལ་བ་དང་། ཏིང་ཀྲུང་ལིས་དང་ཞུའེ་ཆི་ཁུན། ཀྲིག་ཆི་སོགས་ཐེབས་རྩའི་རོགས་སྐྱོར་ཐོབ་མཁན་བརྒྱད་ཀྱིས་གཏམ་བཤད། ལིས་ཁི་ཆང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད་དེ། ཚན་རིག་དང་དཔལ་འབྱོར་མཉམ་བསྲེས་གཏིང་ཟབ་བྱས་པ་དང་། ཚན་རྩལ་གསར་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་པ་དང་དམངས་ཀྱིས་བྱ་གཞག་བསྐྲུན་པ་གཉིས་བར་ཕན་ཚུན་སྐུལ་འདེད་བཏང་ལ། སྒུལ་ནུས་གསར་བས་འཕར་སྣོན་དང་ལས་ཞུགས་ལ་འདེགས་སྐྱོར་ཆེན་པོ་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། གསར་གཏོད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་པ། ཚན་རིག་ཞིབ་འཇུག་མི་སྣ་དང་ལྷག་པར་དུ་ན་གཞོན་ཤེས་ལྡན་མི་སྣའི་གསར་གཏོད་གསར་སྐྲུན་སྦས་ཤུགས་སྔོག་འདོན་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ། གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་བཏང་སྟེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། གསར་གཏོད་འཕེལ་རྒྱས་ཀྱི་གནད་འགག་བཀག་སྡོམ་ལ་དོ་སྣང་བྱེད་པ་དང་། སྲིད་གཞུང་གི་དངུལ་གཏོང་ཚད་ཆེར་གཏོང་བ། ཁེ་ལས་ཀྱིས་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱེད་པ།  རྨང་གཞིའི་ཞིབ་འཇུག་བཟང་བོ་སྤེལ་ནས། ལག་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆོས་ཉིད་ལ་བརྩི་མཐོང་བྱེད་པ། མི་ཆོས་ཀུན་སྤྱོད་བརྩི་སྲུང་བྱེད་དགོས་ཟེར།

སུང་ཁྲུན་ལན་དང་ལིག་ཧི། ཞའོ་ཅེ། ཧི་ལིས་ཧྥུན་བཅས་བཞུགས་མོལ་ཚོགས་འདུ་ལ་ཞུགས།

  • 顶 0